e-texts navigator
Collection
Volume
Page
Wylie

130a1 ཁང་བརྩེགས་ཏེ། རོ་ཁྱོགས་ལ་བླངས་ཏེ་དེར་བཅུག་ནས་བུ་ཡང་མའི་ངོ་མཚན་དུ་གཞག་གོ།། དབུ་དེས་པའི་རོ་ལ་འཇུས་ནས་ནུ་མ་ལ་འཇིབས་པས་ཆུ་སར་དུ་གྲངས་ཏེ་ཞག་བདུན་གྱི་འཚོ་བ་བྱས་སོ།། དེ་ནས་ཁྲག་ཏུ་འཇིབས་པ
130a2 ཞག་བདུན་གྱི་འཚོ་བས་འཚེའོ། ། དེ་ནས་ནུ་མ་ཟོས་པ་མ་ཞག་བཅུའི་འཚོ་བས་འཚོའོ།། དེ་ནས་མའི་ནང་གྲོལ་ཟད་པར་ཟོས་པས་འཚེ་བའི་བྱ་བར་གྱུར་རོ།། དེ་ནས་ཤ་ཟད་པར་ཟོས་པས་ཟླ་བ་བདུན་གྱིས་འཚོ་བའི་བྱ་བའི་བྱས་སོ།། དེ་ནས
130a3 གཞོན་ནུ་དེ་རྟས་པར་གྱུར་ནས་དུར་ཁྲོད་ཀྱི་རོ་རྣམས་ཀྱིས་འཚེ་བའི་བྱ་བ་བྱས་སོ། ། དེ་ནས་ཤིན་ཏུ་རྟས་པར་གྱུར་པ་དང་། རོ་རྣམས་ཟས་སུ་ཟ་ཞིང་རེ་གོས་དང་ལྤགས་པ་རྣམས་གྱོན་ཏེ། དུར་ཁྲོད་ཀྱི་མ་མོ་དང་། ཤ་ཟ་དང་། ཡི་དགས
130a4 ཀྱི་ཚོགས་དང་། མི་མ་ལགས་པའི་ཚོགས་མང་པོ་ཡང་མི་རོ་རྣམས་ཀྱི་ཤ་རྗེན་ཟོས་པའི་རང་བཞིན་གྱི་མཐུས་དབང་དུ་འདུས་ཏེ། དུར་ཁྲོད་ཀྱི་གདུག་པ་ཅན་གྱི་བདག་པོར་གྱུར་ཏེ། གནན་གྱི་གཟི་བྱི་ནི་འཕྲོག་པ་མི་གང་དང་གང་དག
130a5 སོན་པོར་ཟ་ཞིང་མདངས་འཕྲོགས་པ། ཤིན་ཏུ་འཇིགས་པའི་གཟུགས་ཅན་མ་རུངས་པར་གྱུར་ཏོ།། མའི་ཤ་རྗེན་ཟོས་པས་ན་མ་ཟན་མ་ཏད་ཀ་ཥཱ་མེད་གང་དག་གིས་ཡོངས་སུ་གྲགས་སོ།། ཡི་དགས་ཆེན་པོ་དེའི་ཁ་རླངས་ལས་ནི་ཚ་བའི
130a6 ནད་བྱུང་བས་འབྱུང་བས་ཁྱབ་སྟེ། འགྲོ་བ་གང་ལུས་རྣམས་ཟུག་རྔུ་དྲག་པོས་གཟིར་བསྣན་པ་གྲང་པའི་ནད་བྱུང་བས་འབྱུང་བ་ཁྱབ་སྟེ་ཀུན་ཏུ་གདུང་བར་བྱེད་དེ།། མིག་དུག་གིས་ཕོག་པས་འཆི་བར་ངེས་པ་དྲག་པོའི་སྔགས་གཟེར
130a7 བཟླས་པ་བྱས་པས་ཐམས་ཅད་དབང་དུ་འདུ་བར་གུར་པ། ལུས་ཆེན་པོ་ལ་མདོག་ཐལ་ཁ་སྔོ་སྐར་འདུག་པ། ཁྲག་དང་ཞག་གི་ཐིག་ལེས་བརྒྱན་པ། ཐོད་པའི་ཕྲེང་བས་རལ་དུ་ཐོགས་པ། དམར་པོ་ཁྲག་གིས་བསྐུས་པའི་ལྤགས་པ་བགོས་པ་ཐོབ
130a8 ལྐོག་ཁྲག་གིས་བཀང་བརྟག་པར་འཐུང་པ། སྐྲ་རལ་པ་ཁམ་ནག་འབན་ཅིང་གཉིགས་པ། འབུ་མོར་ཐེང་དུས་ཟས་སུ་ཟ་བ། ཐལ་བ་དང་སྲེ་མས་ན་འཛན་ས་ལུས་བརྒན་པ། བའི་གཤོག་པ་ལུས་ལ་བྱུང་བས། ནམ་མཁའ་ལ་བྱ་བཞིན་བྱ་བ་བྱེད་པ།




iiif viewer powered by OpenSeadragon

129b - 130b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo