| | e-texts navigator
|
129b1 ཤེས་ཏེ་འགྱོད་པར་གྱུར་ཏོ། ། འགྱོད་པ་ཙམ་གྱིས་གནས་དེ་ནས་འཕོས་ནས་རབ་ཚ་བའི་དམྱལ་བའི་གནས་སུ་ཡང་དེ་ཉིད་ཀྱི་ཚེ་ཚད་བརྒྱད་ཁྲིར་གནས་ཏེ་མནར་མེད་པ་ཇི་ལྟ་བ་ད་འནས་ཡང་འཕོས་ནས་ཚབ་ཉུང་དང་། ངུ་འབོད
129b2 ཆེན་པོ་བོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་གནག་དང་། འབར་བ་དང་། ཡང་སོ་མ་ལ་སོགས་པའི་དམྱལ་བའི་གནས་སུ་ཡང་དེ་དག་གི་ཚེ་ཚང་བརྒྱད་ཁྲིར་གནས་ཏ་མནར་མེད་པ་དང་རབ་ཏུ་ཚ་བ་ཇི་ལྟ་བ་བཞིན་ནོ།།
129b3 དེ་དག་རམ་ཞིག་པ་ན་ཡང་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་རྣམས་སུ་དེ་ལྟར་འཕེན་ནོ།། དེ་དག་ལས་འཕོམ་ནས་ཀྱང་གང་འཇིག་པའི་བསྐལ་པ་པུ་ཀཱི་དང་ན་དང་མཚན་གང་དུ་བླང་བ་དེ་དང་དེར་སྐྱེ་བར་བྱེད་དོ།། འཇིག་པ
129b4 དེདག་གིས་དེ་དག་གང་སྟོངས་པ་ཡང་གཞན་དག་གང་འཇིག་པའི་དུས་སུ་ཡང་དེར་སྐྱེ་བ་ལེན་པར་འགྱུར་རོ། ། དེ་དག་ལ་མཐར་ནས་ཀྱང་ཤ་དང་རུས་པའི་ཚད་དུ་གསོང་བའི་སྐྱེ་བའི་རིགས་སུ་བསྐལ་པ་བརྒྱད་ཁྲིད་སྨྲ་བ
129b5 ལེན་ཅིང་འཕོ་བར་འགྱུར་རོ། ། དེ་ལས་ཐར་ནས་གཤིན་རྗེའི་འཛིན་རྟེན་གྱི་ཁམས་སུ་སྐྱེ་བ་ལྔ་བརྒྱར་གདུང་བར་གྱུར་ཏོ།། དེ་ལས་འཕོས་ན་པ་ལུ་ས་བསྲུང་བའི་རིགས་སུ་སྐྱེ་བ་བླངས་སོ།། སྐྱེ་བ་དེའི་ཕྱི་མ་ལ་ཤ་ཟའི་རིགས
129b6 སྐྱེ་བ་བླངས་སོ། ། སྐྱེ་བ་དེའི་ཕྱི་མ་ལ་བསྲུལ་པོའི་རིགས་སུ་སྐྱེ་བ་བླངས་ཏེ། སྲུལ་པོ་གཉ་འདྲེག་ཅར་ཞེས་བྱ་བའི་བུ་བསྲུལ་པོ་གཏོགས་འདོད་ཅན་ཞེས་བྱ་བར་སྐྱེ་བ་བླངས་སོ།། སྐྱེ་བ་དེའི་ཕྲི་བ་ལ་ཡུལ་ལང་ཀ་པུ་ར་ཞེས་བྱ་བ
129b7 སྨད་འཚོང་པ་ཞིག་གི་མངལ་དུ་ཆགས་ཏེ་སྐྱེ་བར་སྨིན་ཏོ། ། དེ་དེར་སྐྱེ་བ་བླངས་ཏེ། ཟླ་བ་དགུན་པ་ཤི་བར་གྱུར་པ་དང་། མི་གང་དག་གིས་དྲ་བུ་རྐོག་བུ་འདི་གསོབ་བྱར་ཡུལ་གང་སྨེ་བར་འགྱུར་བས་པའི་མཚན་དུ་གཞག་པ
129b8 ག་ཨས་སོ་ཞེས་གླེངས་ནས་དག་ཤིང་ནལ་བྱི་ཞེས་བྱ་བའི་རྩན་དུང་ཕག་གཏི་མུག་གི་ཆད་འཆས་པའི་བ་ན་དུག་སྦྲུལ་ཞེ་སྡང་གི་འཁྲས་པར་བྱེད་པ་ཁ་ལ་འདོད་ཆགས་དུག་བྱའི་ཚ་བ་ཆས་པའི་ཆ་རྩར་ཀུན་གྱིས
iiif viewer powered by OpenSeadragon
129a - 130a