e-texts navigator
Collection
Volume
Page
Wylie

128a1 ངནང་ད་མ་འཛིན་པའང་སྟེ། དགེ་སློང་ཐར་པའ་གགན་བྱསས།། དེ་ནས་ཐར་བ་དགེ་སློང་གིས་གསོལ་བ། དགེ་སློང་ཆེན་པ་ཐམས་ཅད་ཇིལ་བའི་ལམ་དམ་པ་དེ་གང་ལགས། སྨྲས་པ། རྔ་བའི་ནི་དང
128a2 བཅོས་ན། ། དངོས་པོ་བཞི་ལ་གནས་སྤྱད་ཀྱང་།། ནམ་མཁའ་ལ་སྤྲིན་བཞིནང་། འདི་ནི་རྣལ་འབོར་དམ་པའི་ལམ། དེ་སྐད་ཅེས་སྤྲས་པས། བར་པ་གཡོག་དང་བཅས་པ་ཡིད་རངས་ཏེ། ཨེ་མའོ་ཐབས་ལ་མཁས་སོ།། ངེས་པ
128a3 ཡིན་ནོ་གཏད་དོ། ། བདག་ཐམས་ཅད་དུ་དེ་ལ་ཡོངས་སུ་གནས་སོ།། ཞེས་གསོལ་ཏེ། སྒྲ་ཇི་ལྟ་བ་དེ་བཞིན་དུ་སྤྱད་པ་ལས་ཐར་པ་དགེ་སློང་ནི་བློ་གྲོས་ཀྱི་ངེས་པ་མ་རྙེད་ཏེ། སྒྲ་འབའ་ཞིག་ལ་ཕྱོགས་པས་དངོས་པོ་བཞི་ཁོ་ནས་སྨད
128a4 དེ་ཞེན་ནས། ལུས་དམ་པའི་ཆ་བྱད་དུ་བཅུགནས་སེམས་ངན་འགྲོ་བའི་ལམ་དུ་ཞུགས་སོ།། གཡོག་དོན་འབག་ནི་སྒྲ་གཞིའི་དོན་གྱིས་ངེས་པ་རྙེད་ནས་བློ་གྲོས་དམ་པར་འབྲེལ་ཏེ། དོན་འབའ་ཞིག་ལ་ཕྱོགས་པས་ཇི་བཞིན་པ
128a5 ནང་སྤྱོད་དེ་ཞེན་ནས་ཡོངས་སུ་རྣལ་འབྱོར་པས་ལུས་མ་རབས་ཀྱི་ཆ་བྱད་དུ་བཅུག་ནས་སེམས་དམ་པར་ངེས་པའི་ལམ་དུ་ཞུགས་སོ། ། དེ་ནས་ཐར་པ་གཡོག་དང་ལྟ་བ་མ་མཐུན་ཏེ། སྨྲས་པ། བདག་ཅག་གཉིས་ནི་དཔོན་གཅིག
128a6 ལ་སྒྲ་གཅིག་ཏུ་བྱུང་བ་འདི་ལ་སོ་སོར་མ་མཐུན་པ་འདི་ཇི་ལྟ་ཞིག། དོན་བག་གིས་སྨྲས་པ། བདག་གིས་ནི་དེ་ལྟར་ངེས་པར་འཇོག་པ་འདི་ཁོ་ན་ལས་གཞན་མ་ཐོས་ལགས་སོ།། སྨྲས་པ། བདག་གིས་ཀྱང་དེ་ལྟར་ངེས་པ་རྙེད་དེ
128a7 སྤྱོད་པ་འདི་ཁོ་ན་ལས་གཞན་མ་ཐོས་སོ་ཞེས་སྨྲས་པས། དེ་ལ་བརྩོད་པ་ཆེན་པོར་གྱུར་ཏེ། ལྟ་བ་མ་མཐུན་པས་གཡོག་དང་སོ་སེར་བ་སྐལ་ཏེས་མཐོང་མ་ཕྲང་བར་དམ་བཅས་ནས་གཡོག་ཁམས་རིང་པོར་བཤགས་ཏེ།
128a8 སྤངས་སོ།། དེ་ནས་ཐར་པ་དགེ་སློང་དེ་མངོན་པ་འང་ཏུལ་ལེག་པའི་རི་བོར་སྐྱེས་ཏེ། དཔོན་ལ་སོ་སོའི་ངེས་པ་རྙེད་པ་གསོལ་པ་ལས། དགེ་སློང་ཐུབ་དཀའ་གཞན་ནུ་མ་བཅོས་མ་སྨད་པའི་རྣལ་མར་སྤྱོད་པས། 2གསག་མེད




iiif viewer powered by OpenSeadragon

127b - 128b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo