e-texts navigator
Collection
Volume
Page
Wylie

124a1 སྔགས་དང་།། ཐམས་ཅན་སངས་རྒྱས་ཐ་དད་མིན།། གསང་སྔགས་རྡོ་རྗེ་རྣལ་འབྱོར་པ།། སྐྱེས་པ་ཐབས་ཀྱི་ཕ་རོལ་ཕྱིན།། རྡོ་རྗེ་རྣལ་འབྱོར་མེ་ལྡན་ན།། དེ་ཉིད་ཐབས་དང་ཤེས་རབ་བྲལ།། དེ་བས་རྣལ་འབྱོར་ཆེན
124a2 པོ་ཡིས། ། རྡོ་རྗེ་གསར་སྡུག་པ་དམ་པ་ཡི།། ཆོ་འཕེལ་བའི་ཡི་རང་བཞིན་ལས།། ནམ་ཡང་འདའ་བར་བྱ་བ་མིན་ཞེས་སྨྲས་པས། མ་འདྲེས་པ་ཡོངས་སུ་རྫོགས་པ་ནི་ཆོས་ཐམས་ཅད་ཀུན་དུ་བཟང་པོ་དེ་ཉིད་དོ་ཞེས་ཡོངས་སུ་གྲག་ནིང
124a3 གྲགས་པར་གྱུར་ཏོ། ། ལང་ཀའི་བདག་པོ་དེ་དག་ནི་ཀུན་བཟོད་པའི་ཆོ་འཕྲལ་ཏེ། དེ་དག་ཀྱང་སོ་སོར་མ་འདྲེས་པར་དེ་ཁོ་ན་ཉིད་གཅིག་ཏུ་ཡོངས་སུ་འགྲེལ་ཏོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཀུན་བརྗོད
124a4 པའི་ཆོ་འཕྲལ་བསྟན་པའིས་བྱ་བའི་སཅཝ་བརྒྱད་པའོ། ། ། ལང་ཀའི་བདག་པོ་ལ་རྗེས་སུ་བསྟན་པའི་ཚེ་འཕྲུལ་གང་ཞེ་ན། ཞེ་གནས་ཡོངས་ས་རྫོགས་པར་འགྲེལ་པ་ནི་འདི་ལྟ་སྟེ། ཇི་སྙེད་པ་ཐམས་ཅད་ཇི་བཞིན
124a5 པཉིད་དུ་ཡོངས་སུ་རྫོགས་པ་འབལ་ཞིག་གོ། དེ་ཇི་ལྟའི་ན། འདི་ལྟ་ས། དེ་ཉིད་མེ་གཡོན་ལ་མཁའ་ལ།། གཡོ་རྡུལ་ཐ་དད་ཇི་སྙེད་པ།། མེ་ཏོག་ཡེ་ཤེས་རྒྱ་པ་རོ་ཆེ།། གཅག་ལས་རྣམ་པ་ཡོངས་ཀྱིས་མེད།། རང་བཞིན་ལྷུན་གྲུབ་ཀྱི
124a6 འཁོར་ཆ། ། དེ་ན་དམན་དང་སེམས་དཔའ་དང་།། སྤྱོད་པའི་རྣལ་འབྱོར་མིང་ཡང་མེད།། ལྡན་མཉམ་བྱང་ཆུབ་སྙིད་པོ་ལས།། ངེས་པའི་དགེངས་པའི་མཉམ་རྙེད་ནས།། ཇི་བཞིན་མ་བཅོས་དེ་ཁོ་ན།། ཟབ་མོ་དམ་པ་ངེས་པའི་དོན།། ངོ
124a7 མཛར་དམ་པ་ཆེན་པོ་ཡིས། ། རྡོ་རྗེ་སྙིང་པོ་ཉིད་ལ་ཉིད།། དགོངས་པའི་དོན་ལ་འདི་སྐད་འགྲེལ།། ཨེ་མའོངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། སྐྱེབ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་པ་ཉིད་ན་སླེ་བ་མེད།
124a8 ཨེ་མའོ་ངོམར་མ་རྨད་ཀྱི་ཆེས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགག་པ་མེད་ལས་ཐམས་ཅད་འགག། འགག་པ་ཉིད་ན་འགག་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི




iiif viewer powered by OpenSeadragon

123b - 124b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo