e-texts navigator
Collection
Volume
Page
Wylie

122a1 རབ་འབྲེལ་བའི་རང་དུ་སྣང་། ། འཇིག་ཚོགས་ཕུང་པོར་སྣང་བའི་རང་བཞིན་རྣམས།། ནམ་གྲོལ་ཟག་མེ་དཔུང་པོའི་ངང་དུ་སྣང་།། ཀུན་ནས་ཉོན་མོངས་འཁོར་བའི་རང་བཞིན་རྣམས།། རྣམ་བྱང་མྱ་ངན་ལས་འདས་པའ་དང་དུ
122a2 སྣང་། འཇིག་རྟེན་གཡོ་རྡུལ་མི་གཡོའི་རང་བཞིན་རྣམས།། རྐྱལ་བ་བཞི་བཅུ་གཉིས་ཀྱི་ངང་དུ་སྣང་།། མྱ་ངན་འདས་དང་འཁོར་བའི་རང་བཞིན་རྣམས།། བརྩལ་མེད་མ་བཅོས་དེ་ཉིད་རང་དུ་སྣང་ཞེས་ཡོངས་སུ་གྲག་ཅིང་གྲགས་པར
122a3 འགྱུར་རོ། ། ལ་དཀའ་བདག་པོ་དེ་ནི་ཆོས་སྣང་བའི་ཚ་འཕྲུལ་ཏེ། དེ་དག་ཀྱང་སོ་སོར་མ་འདྲེས་པར་གཅིག་ཏུ་ཡོངས་སུ་འགྲེལ་ཏོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཆོས་སྣང་བའི་ཆོ་འཕྲལ་བས་པའ
122a4 ལེའུ་སྟེ་བཅུ་བདུན་པའོ། ། ། ལང་ཀའི་བདག་པོ་ཀུན་བརྗོད་པའི་ཆོ་འཕྲུལ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀུན་མ་འདྲེས་པ་ཡོངས་རྫོགས་པ།། ངེས་པ་ཇི་ལྟར་ཡིན་པའི་དོན། བྱིན་ཅི་མ་ལོག་ཉིད་བརྗོད་པ། དེ་ཉིད་རྣམ་དག་ལས་ཆེན
122a5 ཡི། སྐུ་དགསུང་ཐུགས་རང་བཞིན་ཡང་། གང་ན་མེད་དེ་དེ་ཁོ་ན།། དཔག་མེད་རྒྱལ་བ་མཐའ་ཡས་ཀྱང་།། གཞན་ན་མེད་དེ་དེ་ཉིད་ཡིན།། གཏི་མུག་མ་འདྲེས་ཀུན་ནས་རྨོངས།། ཡོངས་སུ་རྫོགས་པས་སྟོང་དེ་དག་མེད།། ང་འདམ
122a6 འདས་ཡོངས་རྫོགས་ན། མ་བཅོས་དེ་བཞིན་ཉིང་ཁོན།། ཞེ་སྡང་མ་འདྲེས་མནར་སེམས་པ། ཡོངས་སུ་རྫོགས་པས་སྡོང་བདག་མེད།། དེ་ཉིད་མ་འདྲེས་ཡོངས་ཚོགས་མ།། མ་བཅོས་དེ་བཞིན་ཅིང་ཁོད།། ངཎྜལ་མ་འདས་རབ
122a7 ཡོངས་སུ་རྫོགས་པས་སྟོང་བདག་མེད། དེ་ཉིད་མ་འདྲེས་ཡོངས་རྫོགས་ན། མ་བཅོས་དེ་བཞིན་ཉིད་ཁོ་ན། འདོད་ཆགས་མ་འདྲེས་ཀུན་དུ་ཞེ་ན།། ཡོངས་སུ་རྫོགས་པས་སྟོང་བདག་མེད།། དེ་ཉིད་མ་འདྲེས་ཡོངས་རྫོགས་ན།
122a8 མ་བརྩེས་དེ་བཞིན་ཉིད་ཁོ་ན། ཕྲག་དོག་མ་འདྲེས་ཀུན་ནས་འཁྲུགས།། ཡོངས་སུ་རྫོགས་པས་སྟོང་པདག་མེད།། དེ་ཉིད་མ་འདྲེས་ཡོངས་རྫོགས་ན། མ་བཅོས་དེ་བཞིན་ཉིད་ཁོ་ན། གཟུགས་ནི་མ་འདྲེས་འཇིགས་པ་ཉིད།། ཡོངས་སུ




iiif viewer powered by OpenSeadragon

121b - 122b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo