| | e-texts navigator
|
121b1 ཉིད་རྣམ་པར་སྣང་བ་སོའོ། ། དེ་ཤེས་པ་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ཧཾཧླའི་ཆོས་ཅད་རྣམ་པར་སྣང་བའི་སྒོའོ།། སཾ་འབྲས་བུའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། པྲཾ་རྐྱེན་གྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། སྐྲ་པུང
121b2 ཆོས་ཉིད་རྔམ་པར་སྣང་བའི་སྐུའོ། ། གྲ་ལས་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒྲའོ།། བ་ནག་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ཏྲ་དཀར་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ཨོཾར་གྲུབ་པའི་ཆོས་ཉིད་རྣམ་པར
121b3 སྤང་བར་སྒོ། བ་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། མུ་དྲི་བཞིན་པའི་ཆོས་ཉིད་རྣམ་པར་སྡང་བའི་སྒོའོ།། ལང་ཀའི་བདག་པོ་དེ་དག་ནི་ཡིག་འཚོ་འཕྲུལ་ལས་ཆོས་རྣམ་པར་སྣང་བའོ།། ཙའི་བྱ་ཤན།
121b4 ལ་དཀའ་བདག་པོ་ཡི་གེའི་སྒོ་ནས་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཁོང་དུ་ཆུད་པར་འགྱུར་རོ།། གཟུངས་དང་། སྒྲ་དང་། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། གསལ་བ་ཐོབ་པར་འགྱུར་ངོ་རོ།། དེ་བཞིན་དུ་ཡི་ག་ནི
121b5 ཆོས་ཐམས་ཅད་ཀྱི་སྒོ་ཡང་འབྱེད་པར་འགྱུར་རོ། ། དོན་ཡང་མཚོན་པོར་བྱེད་དོ།། རང་བཞིན་ཡང་རྟོགས་པར་བྱེད་དོ།། ལང་ཀའི་བདག་པོ་དེ་དག་ནི་ཡི་གེའི་ཚེ་འཕྲུལ་གྱི་སྒོ་ནས་ཆོས་ཉིད་རྣམ་པར་སྣང་བའོ།། ལང་ཀའི་བདག་པོ་གང
121b6 མ་བཅོས་པར་ཆོས་སྣང་བའི་ཆོ་འཕྲུལ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཅན་མཚན་མར་སྣང་བར་རང་བཞིན་རྣམས་ཆོས་ཉིད་མཚན་མ་མེད་པའི་དང་དུ་སྣང་། སེམས་ཅན་དངོས་པོར་སྣང་བའི་རང་བཞིན་རྣམས། སེམས་ཉིད་དངོས
121b7 པོ་མེད་པའི་ངང་དུ་སྣང་། ། ཇི་མེད་རྣམ་པར་སྣང་བའི་རང་བཞིན་རྣམས།། ཇི་བཞིན་དེ་བཞིན་ཉིད་ཀྱི་རང་ད་སྣང་།། ཉོན་མོ་ངས་དུག་ལྔང་སྣང་བའི་རང་བཞིན་རྣམས།། རྣམ་གྲོལ་ཡེ་ཤེས་ལྔའི་དང་དུ་སྣང་།། དུག་གསུམ་རྩ་བར་སྐ
121b8 བའི་རང་བཞིན་རྣམས། ། སྐུ་གསུམ་ལྡན་གྱིས་གྲུབ་པའི་རང་དུ་སྣང་།། གཟུང་འཛིན་རྟོག་པར་སྣང་བའི་རང་བཞིན་རྣམས།། དཔེདམ་དང་ཡེ་ཤེས་གཉིས་མེད་ངང་དུ་སྣང་།། བྱ་དང་བྱེད་པར་སྣང་བའི་རང་བཞིན་རྣམས། ཐབས་དང་ཤེས
iiif viewer powered by OpenSeadragon
121a - 122a