| | e-texts navigator
|
120b1 ཆེ་བ་མཐའ་མཐོན་དབུས་དམའ། དབུས་མཐོན་མཐའ་དམའ། ཤར་བཟོན་ནུབ་དམལ། ནུབ་མཐོན་ཤར་དམལ། ལྷོ་མཐོར་བྱང་དམའ། བྱང་མཐོན་ལྷོ་དམའ་བར་གྱུར་ཏེ། ཀྱི་ནང་གི་མུན་པ་ཐམས་ཅད་སྤངས་ནས་འགྲོ་བ་མཐའ་ཐུག་པ་མེད་པ་དག
120b2 སྤྲོ་བའི་ངོ་མཚར་བསྐྱེད། སེམས་ཀྱི་དཀྱིལ་འཁོར་འོད་གསལ། ཐེག་པ་ཆེན་པོའི་ཆོས་ཉིད་ཀྱི་དགའ་བའི་རོ་ཚེར། ཐམས་ཅད་རེ་ཞིང་དམ་པའི་ཆོས་ཉིད་དུ་སྣང་བ་ནི་འདི་ལྟ་སྟེ། འཇིག་རྟེན་མཐའ་ཡས་རྡུལ་སྙེད་དུ།། སྤྲུལ་པ་མཐའ་ཡས་རྡུལ
120b3 སྙེད་སྤྲོས། ། མུན་བསལ་དངོས་པོ་ཀུན་སྦྱངས་ཏེ།། ཐམས་ཅད་མ་བཅོས་དེ་བཞིན་སྣང་།། སྤྲུལ་པའི་དོན་ནི་རྡུལ་སྙེད་ལས།། ཆོས་ཉིད་ངེས་པར་སྣང་བའི་སྒོ།། གཉིས་ལས་བཅུ་བཞིར་སྣང་བ་ནི།། ཡི་གེའི་འབྲུ་ཚོགས་གསལ་བར་སྣང་།། ལང་ཀའི
120b4 བདག་པོ་འདི་ལྟ་སྟེ། ཨ་ཆོས་ཀྱི་དབྱིངས་ཉིད་རྣམ་པར་སྒོའོ།། ཧཱི་ཡེ་ཤེས་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒྲའོ།། དེ་མི་གཡོ་བའི་ཆོས་ཉིད་ཡོངས་སུ་སྣང་བའི་སྒོའོ།། ཨོཾ་ཅིར་ཡང་སྣང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། སྭཱ་སཱ
120b5 ཚོགས་འབྱུང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། ། ཨཾ་མཐའ་ཡས་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ཧ་དོན་ཡོད་གྲུབ་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། མུ་བརྗོད་པ་ལས་འདས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།།
120b6 སྐྱེ་འགག་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། མི་ཟད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། བཱ་སྐྱོན་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ཏཱི་ཐོགས་པ་མེད་པའི་ཆོས་ཉིད་རྣམ་པར་སྡང་བའི་སྒོའོ།།
120b7 ཧྲཱི། གསུང་མཛིན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ཏྲི་གོ་འབྱེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྐེའོ།། ཀྵ་མཐོང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ཛྷཻཾ་འཇོམས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ཧཱི་རྩ་བ་བྱང།
120b8 ཆུབ་སེམས་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྐེའོ།། ཌྷ་ཅིར་ཡང་འབྱུང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ཏྲི་མ་སྒྲོགས་པའི་ཚེ་ས་ཉིད་རྣམ་པར་སྣང་བའི་སྒོའོ།། ཨ་ཅིང་ཡང་མ་ངེས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།།
iiif viewer powered by OpenSeadragon
120a - 121a