| | e-texts navigator
|
120a1 རྔམ་པའི་རྡུལ་དང་། ངོ་མཚར་བའི་ཚུལ་དང་། ཞི་བའི་ཚུལ་ལོ།། ལང་བའི་བདག་པོ་ཡུན་གྱི་ང་སྲིད་བ་རྙེས་པའི་རྟགས་ནི་འདས་པ། བྱམས་པའི་བློ་དང་། སིང་རྗེའི་ཐོས་དང་། དགའ་བའི་ཐབས་དང་། བཏང་སྙོམས་ཀྱི་མདོའོ།།
120a2 ལང་བའི་བདག་པོ་སྟོབས་ཀྱིས་གཞན་གང་གནན་པའི་རྟགས་ནི་འདི་ལ་སྟེ། རྫསྐབས་དང་། ཆོས་ཉིད་ཀྱི་སྟོབས་དང་། མི་འབེད་པའི་སྐབས་དང་། གྲུབ་པའི་སྟོབས་དང་། མ་སྤངས་པའི་སྟོབས་དང་། མི་གཡོས་པའི་སྟབས་དང་། སྨོན
120a3 ལམ་གྱི་སྟོབས་དང་། སྤྲུལ་པའི་སྟོབས་དང་། མི་གཏོང་བའི་སྟོབས་དང་། ཆགས་པའི་སྟོབས་སོ།། ལང་ཀའི་བདག་པོ་རྫུ་འཕྲུལ་གྱིས་མི་གནས་པར་སྟོད་པའི་རྟགས་གང་ཞེ་ན། འདི་ལྟ་སྟེ། ཆོས་ཉིད་ཀྱི་རྫུ་འཕྲུལ་དང་། ཡེ་ཤེས་ཀྱི་རྫུ་འཕྲུལ
120a4 དང་། ཐུགས་རྗེའི་རྫུ་འཕྲུལ་དང་། སྤྲུལ་པའི་རྫུ་འཕྲུལ་ལོ།། ལང་ཀའི་བདག་པོ་མི་ཟད་པའི་མཛད་མངའ་བའི་རྟགས་གང་ཞེ་ན། འདི་ལྟ་སྟེ།། འདོད་པ་སོད་པ་དང་། མི་ཟད་པར་འབྱུང་བ་དང་། མུན་པ་སེལ་བ་དང་། རྒྱུན་མ་འཆད་པའོ།། ལང་ཀའི་བདག
120a5 པོ་དེ་དག་ནི་དུ་འཕྲུལ་གྱིཆོ་འཕྲུལ་ཞེས་བྱ་སྟེ། ལང་ཀའི་བདག་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བཀྲུས་པའི་རྟོག་པ་མཐའ་ཡས་ཇི་སྙེད་པ་ཀུན་མོ་སོར་མ་འདྲས་པ་གཅིག་དུ་ཡོངས་སུ་འབྲེལ་ཏོ།། དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས
120a6 པདམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཆོས་ཐམས་ཅད་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཙམ་དུ་སྣང་བར་མཐོང་ངོ་། ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མད་ཆེན་པོ་ལས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།
120a7 དེ་ནས་ཡང་གས་ངང་པའི་བདག་པོ་ལང་ཀའི་བདག་པོ་ལ་བོས་ཏེ་སྨྲས་པ། ཀྱེ་ལང་ཀའི་བདག་པོ་ཆོས་སྣང་བའི་ཆོ་འཕྲུལ་གང་ཞེ་ན། འདི་ལྟ་སྟེ།། གང་གིས་གང་དུ་ཆོས་གང་སྣང་བར་ངེས་པའི་ཆོ་འཕྲུལ་བསྟན་པས་དེ་དང་དེར་འཇིག་རྟེན་གྱི
120a8 ཁམས་དེ་དང་དེ་དག་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག། རབ་ཏུ་ལྡེག། ཀུན་དུ་རབ་ཏུ་ལྡེག།། འུ། རབ་ཏུའར། ཀུན་དུ་རབ་ཏུའུར། ཆེམ། རབ་ཏུ་ཆེམ། ཀུན་དུ་རབ་ཏུ
iiif viewer powered by OpenSeadragon
119b - 120b