| | e-texts navigator
|
119b1 གཅོད་པའི་གཟི་བརྗིད་དང་། བདག་ལ་ཉི་ཚེར་སྟོན་པའི་གཟི་བརྗིད་དང་། ཁྱད་པར་ཡོན་ཏན་མཐོང་བའི་གཟི་བརྗིད་དང་། ཡངས་པས་རེ་དོགས་མེད་པའི་གཟི་བརྗིད་དང་། གསལ་བས་མཐའ་གཉིས་སྤངས་པའི་གཟི་བརྗིད་དང་། ཐུགས་རྗེ
119b2 ཐུགས་དམ་རྫོགས་པའི་གཟི་བརྗིད་དང་། མ་རྨོངས་ཐབས་ཀྱིས་འདུལ་བའི་གཟི་བརྗིད་དང་། མེད་ལ་ཟད་མི་ཤེས་པའི་གཟི་བརྗིད་དང་། གཅིག་ལ་འདོད་དགུར་སྟོན་པའི་གཟི་བརྗིད་དང་། གནོད་སྦྱོར་བར་པར་མཛད་པའི
119b3 གཟི་བརྗིད་དང་། ཐབས་མཁས་སྐོར་གྱིས་མགོས་པའི་གཟི་བརྗིད་དང་། མ་བསངས་ཉམ་པ་རོལ་པའི་གཟི་བརྗིད་དང་། འཁོར་བར་ཡུན་རིངས་མི་བསྲེལ་བའི་གཟི་བརྗིད་དང་། མགོན་སྐབས་རྒན་དུ་མཛད་པའི་གཟི་བརྗིད་དང་།
119b4 དགོངས་དོན་ལྡན་གྱིས་གྲུབ་པའི་གཟི་བརྗིད་དོ།། ལང་ཀའི་བདག་པོ་རྟགས་ཀྱི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་རྒྱལ་པོ་བསྙེངས་པ་མི་མངའ་བའི་དབང་ཆེན་པོ་བརྙེས་པའི་རྟགས་དང་། ཉམ་པག་ཆེན་པོ་རོལ་པའི་རྟགས་དང་།
119b5 གང་གི་དཔུང་གིས་མི་བསྙེངས་པའི་རྟགས་དང་། ཡུན་གྱི་དོན་སྲིད་བསྙེངས་པའི་རྟགས་དང་། སྟོབས་ཀྱིས་གཞན་གང་གནོན་པའི་རྟགས་དང་། རྫ་འཕྲལ་གྱིས་མི་གནས་པར་སྤྱོད་པའི་རྟགས་དང་། མི་ཟད་པའི་མཛོད་མངའ་བའི་རྟགས
119b6 ལང་ཀའི་བདག་པ་དེ་ལ་མངའ་དབང་ཆེན་པོ་བརྙེས་པའི་རྟགས་ནི་འདི་ལྟ་སྟེ། གང་དབང་བཅུ་ཡོངས་སུ་རྫོགས་པའོ།། བཅུ་གང་ཞེ་ན། སྐྱེ་བ་དང་། ཡོ་བྱེད་དང་། མོས་པ་དང་། རྫུ་འཕྲུལ་དང་། ཆོས་དང་། ཡེ་ཤེས་དང་། སེམས་དང་། ཚེ་དང་།
119b7 ལས་དང་། སྨོན་ལམ་དབང་བའོ།། ལང་ཀའི་བདག་པོ་ཉམ་པག་ཆེན་པོར་རལ་བའི་རིགས་གང་ཞེ་ན། འདི་ལྟ་སྟེ། ཕྱག་རྒྱ་བཞི་ལ་རོལ་བ་སྟེ། སྐ་མཉམ་པ་ཉིད་དང་། ཐུགས་ཀྱི་ཐེགས་པ་དང་། གསུང་གི་འགྲེལ་བ་དང་། ཕྲིན་ལས་ཀྱི
119b8 རླབས་ལ་རོལ་པའོ། ། ལང་ཀའི་བདག་པོ་གང་གི་དབང་གིས་མི་བརྙེས་པའི་རྟགས་ནི་འདི་ལྟ་སྟེ། སྒེག་པའི་ཚུལ་དང་། དཔའ་བོའི་ཚུལ་དང་། འཇིགས་པའི་ཚུལ་དང་། གཤེ་བའི་ཚུལ་དང་། བཞད་པའི་ཚུལ་དང་། སྙིང་རྗེའི་ཚུལ་དང་།
iiif viewer powered by OpenSeadragon
119a - 120a