| | e-texts navigator
|
119a1 སྐུའི་རྔོ་མ་སྦོམ་གྱིས་བྱེ་བས་ཡར་མངོན་པ་དང་། གསུང་གི་རྔོ་མ་སྦོམ་བསྟན་པ་རྒྱ་མཚོར་མངོན་པ་དང་། ཐུགས་ཀྱི་རྔོམ་སྦོ་མ་ཆོས་ཉིད་ནམ་མཁའ་མངོན་པ་དང་། མཐུའི་རྔོམ་སྤྲོལ་ནམ་མཁའི་དབྱིངས
119a2 ལྟར་མངོན་པའོ། ། ལ་ཀའི་བདག་པོ་དེ་དག་ཀྱང་ཚུལ་བཅུ་དང་དྲུག་གིས་རྫོགས་པར་འགྱུར་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཇི་ལྟར་སྡང་བའི་རི་བོ་ལྟ་བུའི་ཚུལ་དང་། ཅིར་ཡང་འགྱུར་བ་གང་ཐབས་ལྟ་བུའི་ཚུལ་དང་། ཟིལ་གྱིས་ནོན་པ
119a3 ཁྱད་པར་དུ་བྱུང་བའི་ཚུལ་དང་། ཚལ་རྔ་མ་ཆེན་པོའི་སྟབས་རྡོམས་སུ་འགྱིད་པའི་ཚུལ་དང་། གང་འཛུབ་བཞལ་གྱི་ཚུལ་དང་། ཅིར་ཡང་འགྱུར་བ་ལྗགས་ཀྱི་ཚུལ་དང་། ཡོངས་སུ་གཅོད་པ་ཚེམས་ཀྱི་ཚུལ་དང་། གོ་བར་སྒྲོགས་པ
119a4 འབྲུག་སྒྲ་སྒྲོགས་པའི་ཚུལ་དང་། དགོངས་པ་ནམ་མཁའ་སྐར་ཚེགས་ལྟ་བུའི་ཚུལ་དང་། ཕྲིན་ལས་རྒྱ་མཆོར་བར་རླབས་ལྟ་བའི་ཚུལ་དང་། ཡོན་ཀན་ས་གཞི་རྩི་ཤིང་ལྟ་བུའི་ཚུལ་དང་། ཐུགས་རྗེ་གར་གྱི་ཕྲེད་པ་ལྟ་བུའི་ཚུལ་དང་། གནས
119a5 ཀྱི་ཁྱད་པར་འབྱུང་ཞིང་སྡུང་པ་དྲང་ཁྲོད་ཀྱི་ཚལ་དང་། གནོན་པའི་བྱེད་པར་སྒྲ་སྐོད་པའི་ཚུལ་དང་། ཞིང་གི་ཁྱད་པར་བླ་ན་མེད་པའི་ཚུལ་དང་། སྤྱོད་པའི་ཁང་པར་ཅིག་ཚར་གྲུབ་ལམ་སོར་བའི་ཚུལ་ལོ།། ལང་ཀའི་བདག་པོ་སྤྱོད་པའི་ཏོག
119a6 པ་གང་ཤེ་ན། འདི་ལྟ་སོ། སྐུའི་གཟི་བརྗིད་སེང་གེའི་འབུམ་གཟུགས་ལྟ་བུ་དང་། གསང་ག་གཟི་བརྗིད་འབྲུག་སྟོང་ལྡིང་བ་ལྟ་བུ་དང་། ཐུགས་ཀྱི་གཟ་བརྗིད་ནམ་མཁའི་གཏེས་ཆེན་ལྟ་བུ་དང་། ཡོན་ཏན་གྱི་གཟི་བརྗིད་ནོར་བ་རིན
119a7 པོ་ཆེ་ལྟ་བུ་དང་། འཕྲན་ལས་ཀྱི་གཟི་བརྗིད་ཆེན་པོའི་དཀྱིལ་འཁོར་ལྟ་བ་སྟེ། ལང་ཀའི་བདག་པོ་དེ་དག་ནི་གཟི་བརྗིད་བཅུ་གཉིས་ཀྱིས་རྫོགས་པ་ཡིན་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐུ་ཚེ་ཡན་ལ་གརགས་པའི་གཟི་བརྗིད
119a8 དང་། གྲངས་མང་རྐྱེན་དང་འཚམ་པའ་གཟི་བརྗིད་དང་། བཀུར་འོས་གཙོ་བོར་མཐོང་བའི་གཟི་བརྗིད་དང་། ཁྱད་ཞུགས་ཡིད་དང་འཐད་པའི་གཟི་བརྗིད་དང་། གདངས་ཆེན་སྟོང་གསུམ་གང་བའི་གཟི་བརྗིད་དང་། ཚིག་མྱུར་ཐེ་ཚོམ
iiif viewer powered by OpenSeadragon
118b - 119b