| | e-texts navigator
|
117b1 དང་། ཤིན་དུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། དྲན་པ་དང་། བཏང་སྙོམས་དང་། བརྩོན་འགྲུས་ཀྱིས་མཛེས་པའི་ཕྱིར་རྐྱེན་རྟེ་རྣམ་པར་བཀོད་པར་དགོངས་པའོ།། ལང་ཀའི་བདག་པོ་གཞན་ཡང་སྐུ་དང་། གསུང་དང་། ཐུགས
117b2 དང་། ཡོན་ཏ་དང་། ཕྲིན་ལས་ཀྱིས་བསྒྱིངས་པའི་ཕྱིར་ཆ་ལུགས་ཆེན་པོས་བརྗིད་པར་དགེངས་པའོ།། ལང་ཀའི་བདག་པ་ད་པགན་གྱི་མེ་ཏོག་གིས་མཛེས་ཤིང་དཔེ་སྐད་ཀྱི་འབྲས་སྤྲོས་པའི་ཕྱིར་སྲས་ཀྱི་ཚོགས
117b3 ཀྱིས་ཀུན་ནས་བརྒྱན་པའོ། ། ལང་ཀའི་བདག་པོ་གཞན་ཡང་ཉིང་ངེ་འཛིན་དང་། རྒལ་བ་དང་། ངག་དང་། རྟོག་པ་དང་། ལས་ཀྱི་མཐའ་དཔ་ལྟ་བ་དང་། འགྲོ་བ་དང་། དྲན་པས་འཁྱིལ་བའི་ཕྱིར་བཀྲ་ཤིས་འཁྱིལ་བས་འབར
117b4 པར་དགོངས་པའོ། ། ལང་ཀའི་བདག་པོ་དེ་དག་ནི་གང་སྣང་བར་མཛད་པའི་ཆོ་འཕྲུལ་ཞེས་བྱ་སྟེ། དེ་དག་ནི་དེ་ཁོ་ན་ཉིད་དུ་སོ་སོང་པ་འདྲེས་པར་གཅིག་ཏུ་ཡོངས་སུ་འགྲེལ་ཏོ།། གསང་བ་པའི་བདག་པོས་དེ་སྐད་ཅེས་སྨྲས་པས།
117b5 བདེ་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཆོས་ཐམས་ཅད་ཆོ་འཕྲུལ་གྱི་རྣམ་པར་སྣང་བ་ཙམ་དུ་མཐོང་བར་གྱུར་ཏོ།། དེ་ནས་ཡང་གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག
117b6 གང་བརྣམ་པར་བསྐུར་བའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། རྣམ་པར་རྟོག་པའི་རི་བོ་བཅུའོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། སྟོར་བའི་རྟོག་པ་དང་། ཞེན་པའི་རྟོག་པ་དང་། དངོས་གཞིའི་རྟོག་པ་དང་། སྲེད་པའི་རྟོག་པ
117b7 དང་རྒྱ་རྟོག་པ་ད་། ལས་ཀྱི་རྟག་པ་དང་། མཚན་མའི་རྟག་པ་དང་། མངོན་པའི་རྟག་པ་དང་། སྤྱོད་པའི་རྟག་པ་དང་། རྟགས་ཀྱི་རྟོག་པའོ།། ལང་ཀའི་བདག་པོ་རྩ་བའི་རྟོག་པ་འདི་བཅུ་ལས་རྟོག་པའི་རིང
117b8 དགུ་བཅུ་འམ། བརྒྱད་ཅུ་རྩ་གཅིག་གིས་རྣལ་འབྱོར་གྱི་ལམ་དམ་པ་རྣམ་པར་བཅད་པས་བཟོད་པར་དཀའ་བའི་ཕྱིར་ཡོངས་སུ་སྐྲང་བར་བྱ་བ་ལ་བརྩན་པར་བྱའོ།། ལང་ཀའི་བདག་པོ་དགུ་གང་ཞེ་ན། འདི་ལྟ་སྟེ།
iiif viewer powered by OpenSeadragon
117a - 118a