| | e-texts navigator
|
116a1 གྲགས་པ་ལགས། ། སྨྲས་པ། ལང་ཀའི་བདག་པོ་གང་སྐྱེས་བུ་དམ་པ་ཉིད་དུ་ངེས་པ་དེ་དག་སྙིང་པོ་བྱང་ཆུབ་ལ་དགོངས་པ་དེའི་ཚེ་དེའི་དུས་ཉིད་ལ་བྱའོ།། སྨྲས་པ། གསང་བ་བའི་བདག་པོ་གང་སྐྱེས་བུ་དམ་པ་དམ
116a2 པ་ཉིད་དུ་ངེས་པ་དེ་དག་སྙིང་པོ་བྱང་ཆུབ་ལ་ཇི་ལྟར་དགོངས། དེ་གང་གི་ཚིག་བླ་དགས་ལགས། སྨྲས་པ། ལང་ཀའི་བདག་པོ་སྙིང་པོ་ནི་རྩ་བ་ལ་བྱའོ།། བྱང་ཆུབ་ནི་རང་བཞེད་ལ་བྱའོ།། དགོངས་པ་ནི་ཆོས་ཉིད་ལ་བྱའོ།། ངེས་པ་ནི་མ
116a3 ནོར་པ་ལ་བྱའོ། ། འགྲེལ་པ་ནི་ཡེ་ཤེས་ལ་བྱའོ།། དེ་ནི་ཇེ་བཞིན་པ་དང་དེ་བཞིན་པའི་ཚིག་བླ་དགས་སོ།། གསོལ་པ། གསད་པ་པའི་བདག་པོ་དེས་ཡེ་ཤེས་དེ་ཇི་ལྟར་འགྲེལ་པ་ལགས། སྨྲས་པ། ལང་ཀའི་བདག་པོ་མ་འདས
116a4 པ་དང་ཡོངས་སུ་རྫོགས་པར་འགྲེལ་ཏོ། ། དྲིས་པ་གསད་པ་པའི་བདག་པོ་དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། སྨྲས་པ། ལང་ཀའི་བདག་པོ་ཞི་གནས་དང་ལྷག་མཐོང་དེ་ཉིད་དེ་ཐམས་ཅད་སྐྱེ་བ་བཞིང་འདུས་ཤིང
116a5 བ་བཞིར་འགྲེལ་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་གང་ཅི་ཡང་རུང་། དགོངས་པ་དང་། གསུང་བ་དང་། མཛད་པ་ཐམས་ཅད་གང་ལ་ཡང་དགོངས་པ་ཅན་ཏེ་དེ་ནི་འདི་ལྟར་ཆོས་ཐམས་ཅད་ཆོ་འཕྲུལ་བཞིར་འདུས
116a6 པར་དགོངས་སོ། ། ལང་ཀའི་བདག་པོ་བཞི་གང་ཞེ་ན་འདི་ལྟ་སྟེ། ཆོས་གང་། བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ནི་ལས་ཀྱི་རྫུ་འཕྲལ་ལས་སྐྱེ་བའི་ཆོ་འཕྲུལ་དང་། བསམ་གཏན་གྱི་རྫུ་འཕྲུལ་ལས་གློ་བའི
116a7 འཕྲུལ་དང་། ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང་། ཐུགས་རྗེའི་རྫ་འཕྲུལ་ལས་སྐྱེ་བའི་ཆ་འཕྲུལ་ལོ།། ལང་ཀའི་བདག་པ་དེ་ལ་ལས་ཀི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་ན་འདི་ལྟ་སྟེ། གང་སྐྱེ་པ་རྣམ
116a8 བཞིར་སྣང་བ་ཐམས་ཅད་དོ། ། ལང་ཀའི་བདག་པོ་བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་གང་ཞེ་ན་འདི་ལྟ་སྟེ། གང་བསམ་གཏན་གྱི་མུ་བཞི་ལས་སྐྱེ་བ་ཐམས་ཅད་དོ།། ལང་ཀའི་བདག་པོ་ཆོས་ཉིད་ཀྱི་རྫུ
iiif viewer powered by OpenSeadragon
115b - 116b