e-texts navigator
Collection
Volume
Page
Wylie

115a1 ཆོ་འཕྲུལ་ཉིད་དོ། ། མཚན་མང་བྱུང་བས་ཕྱག་རྒྱ་ཉིད་དོ།། གཞན་ནས་བེ་ཚེ་ལ་བས་བསྙེན་པ་ཉིད་དོ།། རང་ལས་བྱུང་བས་དི་པའི་བསྙེན་པ་ཉིད་དོ།། སྙིང་པོ་ཉིད་པས་བསླབ་པའོ།། འབྲས་བུ་ཉིད་པ་པ་སྒྲུབ་པ་ན
115a2 པོའོ། ། བཀའ་བྲལ་བ། སྐྱེས་བུདམ་པ་དག་བྱང་རབ་ཀྱི་སྙིང་པོ་དེ་ཇི་ལྟར་སྔབ། གསོལ་བ། སྦུབ་དུ་མ་མཆིས་ལགས་སོ།། བཀའ་བྲལ་བ། ཇི་ལྟར་སྐབར་མེད། གསོལ་པ།། ཡནས་ཐོབ་པ་ཉིད་ཀྱི་སླད་དྲའོ།། བཀའ་།
115a3 ཡནཔ་ཇི་ལྟར་གྲུབ། གསོལ་པ། གཞན་ནས་མི་འབུང་བ་དང་། རང་ལས་འབུང་བ་དང་། བྱ་བ་རྩལ་མེད་པ་དང་། རང་བྱུང་བའི་ཕྱིར་ཡེ་ཉམས་སུ་ལེན་པ་ཉིད་དུ་ངེས་པའོ།། ཞེས་དེ་ལྟར་ལྟར་སྟོང་པ་ཉིད་ལས་སྒྲ་བྱུང་བས་དེ་ཁོར
115a4 ཏུ་དུ་ངེས་པར་ཐམས་ཅད་ནས་ཐམས་ཅད་དུ་སྙིང་པོ་བྱང་རྒབ་ཉིད་ལས་མ་གཏོགས་པ་གང་དུ་ཡང་མེད་དོ། ། ལང་ཀའི་བདག་པོ་དེ་ལྟར་སྐྱེས་བུ་དམ་པས་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་དག་པ་གཡོ་བའི་དང་ལ་མི་རྟོག་པ་ཉིད
115a5 ཞི་བར་ལྡན་པར་གནས་པ་དེའི་ཚེ་དེའི་དུས་ན་དགོངས་པ་ཆོས་ཉིད་ཀུན་པ་མཁའ་ལ་འགྲེལ་པ་ཡེ་ཤེས་ཀྱི་ཉི་མ་བདལ་ཏེ། ཐམས་ཅད་དེ་ཁོ་ན་ཉིད་ངེས་པ་ཉིད་དུ་འགྲེལ་ཏེ།། དེའི་ཚེ་དེའི་དུས་ན་གསང་སྔགས་འབྱུང་བའི་རྒྱུ་གདུ
115a6 ཁྱད་པར་དུ་བྱུང་བ་འཇིག་རྟེན་གསུམ་སྲེག་པར་བྱེད་པ། ཁྲོ་བོའི་ཚུལ་ཅན་གདུལ་བྱའི་དུས་ལ་ངེས་པར་བབ་པའི་ཚེ་ཕྱོགས་དུས་ཀུན་གྱི་སངས་རྒྱས་ཐམས་ཅད་སྙིང་པོ་བྱང་ཆུབ་གང་དབང་འདུས་ནས་ཀྱིས་བུད་པ་པ་དགལ
115a7 ལ་ནི་བྱང་ཆུབ་ཆེན་པོར་དམ་པར་བསྐུལ། ལ་ལནི་པོ་འཕྲུལ་ཆེན་པོར་རྣམ་པར་བསྐུལ། ལ་ལ་ནི་ཆོ་ག་རྫོགས་པར་བསྐུལ། ལ་ལ་ནི་ཏིང་ངེ་འཛིན་གྱིས་བསྐུལ། ལ་ལ་ནི་རྣམ་པར་གྲོལ་བའི་རིག་པས་བསྐུལ་ཏེ། དེས་གང
115a8 སྟོང་པ་ཉིད་གང་ན་བ་ལས་ལངས་ཏེ་རྫོགས་ལོངས་སྐྱེད་པ་དང་། རྣམ་པར་སྩལ་པོ་རྣམ་པར་བཀོད་པ་ནི་ཇི་ལྟ་ཇི་ལྟར་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་ངེས་པའི་རྣམ་པར་འཕྲུལ་པ་སྒྲོད་པ་ཡོངས་སུ་བཀོད་པ་ལྟར་སྣང་ངོ་།།




iiif viewer powered by OpenSeadragon

114b - 115b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo