| | e-texts navigator
|
114b1 མེད་མ་ཉིད་དོ། ། ཐ་དད་སྤོས་ཀྱང་གཅིག་ལས་མ་གཡོས་པ་ཉིད་དོ།། གཅིག་ལས་མ་གཡོས་སྣ་ཚོགས་སྣང་བ་ཉིད་དོ།། ཐམས་ཅད་འཇུག་པསལ་མ་ཉིད་དོ།། གང་ཡང་མ་སྤངས་པས་འཁོར་བ་ཉིད་དོ།། མ་ཤེས་འཁྲུལ་པས་སེམས
114b2 ཅན་ཉིད་དོ། ། འབོ་བཞི་སྒྲོལ་བས་གྲུའ་དོ།། རྣམ་པར་བསྟོད་པས་བགྲོད་པའོ།། དམིགས་པ་མེད་པས་བྱེད་དམ་པོ།། རྣམ་པ་ཤཱ་རྫོགས་པས་སེམས་ཉིད་དོ།། ཀུན་ལ་མཁས་པས་ཤེས་རབ་བོ།། ཐམས་ཅད་གསལ་བས་ཏིང
114b3 འཛིན་ནོ། ། མ་བཟོད་པར་ཕྱིན་པས་གནས་ཉིད་དོ།། ཟླ་མེད་པར་རབབད་དོ།། ངོལ་བས་མཆོག་ཉིད་དོ།། རྣམ་པར་འཕགས་པས་ཕུལ་ཉིད་དོ།། དབང་དང་གཉེན་པོ་མེད་པས་བླ་ན་མེད་པ་ཉིད་དོ།། གཏིང་མི་དད་པས་ཟབ་པ་ཉིད
114b4 དོ། ། རག་ཏུ་མེད་པས་ན་གསང་བ་ཉིད་དོ།། ཕྲ་བས་ནམ་གསལ་བ་ཉིད་དོ།། ཐམས་ཅད་འབྱུང་བས་ཆོས་སོ།། མེ་འགྱུར་བས་དེ་ཁོ་ན་ཉིད་དོ།། གོ་འཕང་ཉིད་པས་བྱང་ཆུབ་སེམས་དཔའོ།། ཧཱར་སངས་ཁྱབ་པས་སངས
114b5 བྱས་ཉིད་དོ། ། གཞིར་གྱུར་པསརྩ་བ་ཉིད་དོ།། ཐམས་ཅད་བ་རྨེད་པས་ཡུལ་ཉིད་དོ།། དེ་ལས་བླང་བས་ཡབ་ཉིད་དོ།། གདུང་རྒུད་འཛིན་པས་སྲས་ཉིད་དོ།། རང་བྱུང་བ་ཉིད་པས་དབང་བདག་ཉིད་དོ།། དེ་བདེན་རྙེད་པས་ག
114b6 ཆེན་པོ་ཉིད་། ། འདའ་བར་དཀའ་བས་ཐུགས་དམ་ཆེན་པོ་ཉིད་དོ།། རྣམ་པར་འཚ་བས་སྲོག་ཉིད་དོ།། ཟད་མི་ཤེས་པས་ག་ཏེ་རེ་ཆེན་པོ་ཉིད་དོ།། འདོད་པ་བསྒྲུབ་པས་ནོར་ཉིད་དོ།། རྒྱུན་གྱི་སྣང་རྗེས་ཀུན་གྱི་བྱ་བ་བྱེད་པས
114b7 ཟད་ཉིད། དཔ་པར་བརྗིད་པས་སྐུ་ཉིད་དོ།། སྨྲ་བརྗོད་བླང་བས་གཟུང་ཉིད་དོ།། ཐམས་ཅད་མཁྱེན་པས་ཐུགས་ཉིད་དོ།། འདོད་དགུ་འབྱུང་བས་ཡོན་ཏན་ཉིད་དོ།། བྱ་བ་བྱེད་པ་ས་ཕྲིན་ལས་ཉེད་དོ།། ཡུལ་ལ་བགྲོད
114b8 བས་འདོད་པ་ཉིད་དོ། ། དེ་འདི་ལ་སྤྱོད་པས་ལོངས་སྤྱོད་ཆེན་པོ་ཉིད་དོ།། རྒུར་གུར་པས་ཡོ་བྱད་ཆེན་པོའོ།། དགོངས་པ་ཆང་བས་ཚོགས་ཆེན་པོའོ།། བྱ་བ་རྩལ་མེད་པས་དོན་ཐམས་ཅད་གྲུབ་པའོ།། སྣ་ཚོགས་འཕྲུལ་བས
iiif viewer powered by OpenSeadragon
114a - 115a