| | e-texts navigator
|
114a1 དེ་ཀར་བརྟགས་པ་དེ་ལྟར་ཆགས་པར་གྲགས་ཏེ་སྙིང་པོ་བྱང་ཆུབ་ཉིད་དང་དེ་དང་། པོན་ཉིད་དང་། དེ་བཞིན་ཉིདདེ་དང་། དེ་བཞིན་པ་དང་། མ་ནོར་བ་དང་། མ་བཅོས་པ་དང་། གཞན་མ་ཡིན་པ་དང་། ཆོས་ཉིད་དང་། ཆོས་ཀྱི
114a2 དབྱིངས་དང་། བསམ་གྱིས་མི་ཁྱབ་པ་དང་། ཡང་དག་པའི་མཐའ་དང་། གསང་སྔགས་དང་། གཟུང་སྔགས་དང་། རིགས་སྔགས་དང་། ཐེག་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ལགས་སོ།། བཀའ་སྩལ་པ། སྐྱེས་བུ་དམ་པ་དག་སྙིང་པོ་བྱད
114a3 ཆུབར་ཇི་ལྟར་དང་། གསོལ་པ། སྙིང་པོ་བྱང་ཆུབ་དེ་སྐད་ཅིག་ཀྱང་སྣང་བ་མ་སྲིད་ལགས་སོ།། བཀའ་སྩལ་པ། ཅི་གང་དུ་ཡང་མི་སྣང་ངམ། གསོལ་པ། ཇི་ལྟར་བལྟས་པ་དེ་ལྟར་སྣང་ལགས་སོ།། བཀའ་སྩལ་པ། ཇི་ལྟར་ཡོངས་སུ
114a4 སྣང་། གསོལ་པ། འདི་ལྟ། ཀུན་དུ་ཁྱབ་པས་སྣང་བ་མེད་པ་ཉིད་དོ།། གར་ཡང་མ་སྐྲས་མཐོང་བ་མེད་པ་ཉིད་དོ།། ཡེ་ནས་མ་བྲལ་ངོམ་ཤེས་པ་ཉིད་དོ།། བརྟགས་ནམ་མཐོང་ཅིར་ཡང་སྣང་བ་ཉིད་དོ།། སྣ་ཚོགས་སྣང་ཡང
114a5 དངོས་པོ་མེད་པ་ཉིད་དོ། ། བསྐལ་བར་འཁྱམས་ཀྱང་སྟོར་བྲལ་མེད་པ་ཉིད་དོ།། སྣ་ཚོགས་བསྒོ་ཡང་འགྱུར་བ་མེད་པ་ཉིད་དོ།། རྡུལ་ཆ་མེད་པར་སྐད་སྲིད་ཁྱབ་པ་ཉིད་དོ།། སྟོང་པ་ཉིད་ལས་སྣ་ཚོགས་འབྱུང་བ་ཉིད་དོ།།
114a6 དངོས་གཞི་མེད་པར་ཅིར་ཡང་བརྟགས་ཆགས་པ་ཉིད་དོ།། བརྩལ་གནས་མེད་པར་ཅི་བ་སླབ་པ་འགྲུབ་པ་ཉིད་དོ།། གཟུགས་མཚན་མེད་པར་ཅིར་བལྟས་སྣང་བ་ཉིད་དོ།། ཅི་ཡང་མེད་པར་ཅིར་ཡང་རིག་པ་ཉིད་དོ།།
114a7 ཁྱད་བརྡལ་བྱང་ཆུབ་གཅིག་མཐའ་ཡས་པ་ཉིད་དོ།། ཀུན་བྲལ་ཉག་གཅིག་ཅིམ་སྤངས་པ་ཉིད་དོ།། ཕྱི་དང་ནང་མེད་ཀུན་དུ་ན་ཉིད་དོ།། མཐའ་ཡས་ཟུང་ཡང་ཟད་པ་མེད་པ་ཉིད་དོ།། མ་བཟུང་མ་བརྟགས་གང་དུ་ཆགས་པ
114a8 ཉིད་དོ། ། གདས་པ་མེད་པར་རྟག་པར་ལྟུང་བ་ཉིད་དོ།། འདེགས་པ་མེད་པར་ནམ་མཁའ་ལ་འགྲོ་བ་ཉིད་དོ།། ཡན་ལག་མེད་པ་ངས་རྣམས་བགྲོད་པ་ཉིད་དོ།། གར་ཡང་མ་གཡོས་ཀུན་དུ་ཕན་པ་ཉིད་དོ།། བསྐྱོད་པ་མེད་པར་ཐོགས
iiif viewer powered by OpenSeadragon
113b - 114b