| | e-texts navigator
|
113b1 གསོལ་བ། འབྱུང་བར་མི་འདོད་ལགས་སོ།། བཀའ་སྩལ་པ། ཅིའི་ཕྱིར་མི་འདོད། གསོལ་པ། ཀུན་ཏུ་མི་གཡོ་ལགས་སོ།། བཀའ་སྩལ་པ། ཅིའི་ཕྱིར་མི་ག་ཡོ།། ཐམས་ཅད་སངས་རྒྱས་པ་ཉིད་ལོན་པས་སྙིང་རྗེའི་ཡུལ་མེད་མིགས་པའི་ཕྱིར་རོ།།
113b2 བཀའ་སྩལ་པ། སྐྱེས་བུ་དམ་པ་སེམས་ཅན་རྣམས་ཀྱི་དོན་ཆེད་དུ་སྤྱོད་དམ། གསོལ་པ། ལ་སྤྱོད་པ་ལགས་སོ།། བཀའ་སྩལ་པ། ཙིའི་ཕྱིར་མ་སྤྱོད། གསོལ་པ། ཐམས་ཅད་ཡནས་དེ་བཞིན་ཉིད་ཁོ་ནའི་སླང་དུའོ།། བཀའ་སྩལ་པ། སྐྱེས་པ
113b3 དམ་པཅོས་ཀྱི་སྲུ་ནཀྱིས་གྲུབ་པར་འདོད་དམ། གསོལ་པ། གྲུབ་པར་མེ་འཚལ་ལགས་སོ།། བཀའ་སྩལ་པ། ཅིའི་ཕྱིར་གྲུབ་པར་མ་འདོད། གས་པ་དུས་པ་ལས་རྒྱ་དུའོ།། བཀའ་སྩལ་པ། སྐྱེས་བུངས་པས་རྣམས་ཡོངས་སུ་བཟོད
113b4 པར་འདོད་དམ། གསོལ་པ། ཡོངས་སུ་བཟོད་པར་མི་བགྱིད་ལགས་སོ།། བཀའ་སྩལ་པ། ཅིའི་ཕྱིར་མི་བགྲོད། གསོལ་པ། ཐམས་ཅད་སངས་རྒྱས་ཀྱི་ས་ལམ་བགྲོང་བར་ཕྱིན་པའི་ཕྱིར་རོ།། བཀའ་སྩལ་པ། སྐྱེས་བུ་དམ་པ་སྙིང་པོ་བྱང
113b5 ཆུ་བ་དེ་དཔེ་གང་གིས་བསྟན། གསོལ་པ། བཤེས་གཉེན་དམ་པ་འཐུན་པའི་དཔེ་ནི་གང་ཡང་མ་མཆིས་ཏེ། དཔེ་གང་གིས་ཀྱང་བསྐྲུན་དུ་མ་མཆིས་པ་ལགས་སོ།། བཀའ་སྩལ་པ། དཔེ་མཚོན་དུ་མེད་དམ། གསོལ་པ། ཆུང་ཟད་དུ
113b6 འཐུན་པའི་དཔེ་གཟུང་ན་འདི་ལྟ་སྟེ། ནམ་མཁའ་དང་། ཉི་མ་དང་། ནོར་བུ་རིན་པོ་ཆེ་དང་། རིན་པོ་ཆེ་གསེར་དང་། སྒྲོན་མ་དང་། དུག་འགྱུར་རྩི་དང་། གསེར་འགྱུར་རྩི་དང་། བཻ་དུརྱ་དང་། རྒྱ་མཚོ་ཆེན་པོ་དང་། རྡོའི་སྙིང་པོ་དང་། རྩལ་གྱིས་ནོན་པ
113b7 དང་། ཡུལ་ལ་འཇུག་པ་དང་། གསེར་རྡོ་རིན་པོ་ཆེ་དང་། མངོན་པར་སྤྲོ་བ་བསྐྱེད་པ་ལྟ་བུ་ལགས་སོ།། བཀའ་སྩལ་པ། སྐྱེས་བུ་དམ་པའི་སྙིང་པོ་བྱང་ཆུབ་དེ་མཚོན་པའི་མིད་ཇི་ལྟར་གྲགས། གསོལ་པ། བཤེས་གཉེན་དམ་པ་མིང་ནི་བླ
113b8 དགས་ཏེ། མིང་ལ་ངེས་པ་གང་ཡང་མ་མཆིས་ལགས་སོ།། བཀའ་སྩལ་པ། མིང་གིས་མཚོན་དུ་མིང་དམ། གསོལ་པ། གང་ཡོངས་སུ་མི་དམིགས་པ་ལས་བརྗོད་པའི་དབང་དུ་མཚོན་ན་མིང་གི་རྣམ་གྲངས་སུ་བརྟགས་པ་ནི་ཐ་དད་པ
iiif viewer powered by OpenSeadragon
113a - 114a