| | e-texts navigator
|
113a1 ཀྱང་པའི་སླདང་དུ་རང་བཞིན་ལྡན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་མཐོར་ལགས་སོ། ། བཀའ་སྩལ་པ། སེམས་ཐས་ན་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ།། བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ།
113a2 པ་དཔགས་པའི་སླད་དུའོ།། བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ།། བཀའ་སྩལ་པ། ཇི་ལྟར་མཐོང་། གསོལ་པ། ཐམས་ཅད་རྩ་དབུ་མས་ཀྱི་དཀྱིལ་འཁོར་དུ་མཐོང་ལགས་སོ།། བཀའ་སྩལ
113a3 སྐྱེས་བུ་དམ་པ་ཁྱང་ཟང་དུབཀྱི་སེང་པོར་འདོད་དམ། གསོལ་པ། བཤེས་གཉེན་དམ་པ་ཡོངས་སུ་སྨིན་ཏོ།། བཀའ་སྩལ་པ། ཅིའི་འབྱེར་མེ་འདོད། གསོལ་པ། གང་སྐྱེས་བུ་དམ་པ་ཞེས་བརྩེ་བ་ཉིད་དང་སེམས
113a4 ཅན་སེམས་ཅན་ཞེས་བབྱ་བ་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལས་མ་གཡོས་པའོ། ། ཐམས་ཅད་ཀྱང་དེ་བཞིན་ཉིད་ལས་མ་གཡོས་པའོ།། བཀའ་སྩལ་པ། སྐྱེས་བུ་དམ་པ་བྱང་ཆུབ་ཀྱི་སྙིང་པོ་གང་ནས་བཙལ། གསོལ་པ། གང་ནས
113a5 ཀྱང་མ་ཚལ་ལོ། ། བཀའ་སྩལ་པ། ཅི་འཕྱར་མི་རོལ། གསོལ་པ། ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཉིད་དེ་གང་ན་ཡང་མི་གནས་སོ།། བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས་སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་བགྲོད་བར
113a6 འདོད་དམ། གསོལ་པ། ཡོངས་སུ་བགྲོད་པར་མི་འདོད་དོ།། བཀའ་སྩལ་པ། ཅིའི་ཕྱིར་བགྲོད་པར་མི་བྱེད། གསོལ་པ། སེམས་ཅན་གྱི་རིས་མཐའ་དག་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཉིད་ཀྱི་སླད་དུའོ།། བཀའ་སྩལ་པ། སྐྱེས
113a7 བུ་དམ་པའི་མི་གཡོ་བ་ལ་མི་རྟོག་པ་ཉིད་དུ་གནས་སམ། གསོལ་པ། མེ་རྟོག་པ་ལ་མི་འཇུག་ལགས་སོ།། བཀའ་སྩལ་པ། ཅིའི་ཕྱིར་མི་འཇུག། གསོལ་པ། བདག་ཅིད་མེ་རྟོག་པས་དེ་གདོང་མེ་རྟོག་པ་ལ་འཇུག་མི་འཚལ་བའི་སླ
113a8 དུའོ། ། གལ་ཏེ་བདག་ཡེ་ནས་རྣམ་པར་མི་རྟོག་པ་མ་ལགས་ན་ནི་རྣམ་པར་མི་རྟོག་པ་ལ་བདག་འཇུག་པ་ཞིག་ན་ཐམས་ཅད་ཡེ་ནས་རྣམ་པར་མི་རྟོག་པའི་སྲད་དུའོ།། བཀའ་སྩལ་པ། སྐྱེས་བུ་དམ་པ་སྙིང་རྗེ་ཆེན་པོ་འབྱུང་བར་འདོད་དམ།
iiif viewer powered by OpenSeadragon
112b - 113b