| | e-texts navigator
|
112b1 དམ་པ་བྱ་རབ་ཀྱི་སྙིང་པོ་ནི་བདག་ཅག་གིས་མ་མཐོང་བར་མཐོང་ལགས་སོ། ། བཀའ་སྩལ་པ། ཇི་ལྟར་མ་མཐོང་བར་མཐོང་། གསོལ་པ། བྱང་ཆུབ་ཀྱི་སྙིང་པོར་མ་མཐོང་བར་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་མཐོང་ལགས་སོ།།
112b2 བཀའ་སྩལ་པ། བྱང་ཆུབ་ཀྱི་སྙིང་པོ་ཞེས་གང་ལ་བྱ། གསོལ་པ། བཤེས་གཉེན་དམ་པ་བྱང་ཆུབ་ཀྱི་སྙིང་པོ་ནི་སངས་རྒྱམ་ཀུན་གྱི་གསང་བ་དགོངས་པ་དམ་པ་ལ་བགྱིའོ།། བཀའ་སྩལ་པ། ས་འདམ་པ་དགོངས་པ་དམ་པ་ཞེས
112b3 གང་ལ་བྱ། གསོལ་པ། ཐམས་ཅད་གྱི་རང་བཞིན་གང་ལགས་པ་དེ་ཁོ་ན་ཉིད་དེ།། བཀའ་སྩལ་པ། ཅིའི་ཕྱིར་ཐམས་ཅད་ཀྱི་རང་བཞིན་ལ་གསང་སྔགས་ཞེས་བྱ། གསོལ་པ། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་ནི་གང་གིས་ཀྱང་མི
112b4 མཐོང་། མི་རྟོག་པ། སྤྱོད་ཡུལ་དུ་མགྱུར། སྨར་མེད་པ། བརྗོད་པ་ལས་འདས་པ། བསམ་དུ་མེད་པ། བསམ་གྱིས་མི་ཁྱབ་པ། བརྟག་པར་བཀའ་ཞིང་བསྟན་པར་དཀའ་བའི་ཕྱིར་ལགས་སོ།། བཀའ་སྩལ་པ། སྐྱེས་བུ་དམ་པ་ཐམས
112b5 ཅད་ཀྱི་རང་བཞིན་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ་ཐམས་ཅད་ཀྱི་རང་བཞིན་ནི་བདག་ཅག་གི་ས་མ་མཐོང་ལགས་སོ།། བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ།། བཀའ
112b6 སྩལ་པ། སྐྱེས་བུ་དམ་པ་ཁྱེད་ཀྱིས་ཐམས་ཅད་ཀྱི་རང་བཞིན་མེ་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ་བདག་ཅག་གིས་མཐོང་ལགས་སོ།། བཀའ་སྩལ་པ། སྐྱེས་བུ་དམ་པ་ཇི་ལྟ་བུར་མཐོང་། གསོལ་པ་ཐམས་ཅད་ཀྱི་རང
112b7 བཞིན་གང་ལགས་པ་དམ་བཅོས། མ་སྤང། ས་ཐང་། མ་ཉེས། ཇི་བཞིན་པ་དེ་འོན་ཉིད་མ་ཇི་བཞིན་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ།། བཀའ་སྩལ་པ། སངས་རྒྱས་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ།། བཀའ་སྩལ
112b8 པ། ཅིའི་ཕྱིར་མ་མཐོང། གསོལ་པ། མི་དམིགས་པའི་སླད་དུའོ།། བཀའ་སྩལ་པ། མ་མཐོང་དམ། གསོལ་པ། མཐོང་ལགས་སོ།། བཀའ་སྩལ་པ། ཇི་ལྟ་བུར་མཐོང་། གསེལ་པ། ཐམས་ཅད་དེ་བཞིན་ཉིད་དུ་མངས་རྒྱས་ཏེ་ཀུན་ལ
iiif viewer powered by OpenSeadragon
112a - 113a