| | e-texts navigator
|
112a1 བཞིན་འང། ། སྙིང་པོ་བྱང་ཆུབ་ཀུན་ཡུ་མ་ལ།། མ་ཟློས་པར་བཞིན་ལྷན་དེ་བའོ།། ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་བའི་བདག་པོ་བྱང་ཆུབ་ཀྱི་སྙིང་པོ་དེ་ཁོ་ན་ཉིད་དེ་ཇི་ཙམ་ཞིག་ན་གནས་པར་འགྱུར། མཚན་དང
112a2 རང་བཞིན་ཅི་ལགས། སྦས་པ། ལ་དཀའ་བདག་པོག་ཏ་མ་ངེས་ཏེ་ངས་ཆགས་དང་། ཊཱ་དང་། ཟླབ་ཕྱེད་དང་། ཞག་དང་། ཉི་མ་དང་། ཐུན་དང་། ཐུན་བྱེད་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། དེ་མཐག་པ་དང་། ཁེ་ཉི
112a3 དང་། བསྐལ་བ་དང་། བསྐལ་པ་ཚད་མེད་པས་སོ།། མཚན་ཉིད་དང་རང་བཞིན་མེད་པས་སོ།། མི་དམིགས་པའོ།། གོམས་པར་བྱས་པའོ།། ངེས་པར་བཏགས་པའོ།། ཡོངས་སུ་སྤྱད་པའོ།། ཅིར་ཡང་སྣང་བའོ།། ཡིན་པར་ངེས་པའོ།།
112a4 ཀུན་ནས་འགྱུང་བའོ།། ཐམས་ཅད་འདུས་པའོ།། ཡོངས་ལ་ཁྱབ་པའོ།། ཡོད་གིས་སྨྲ་བའོ།། རྣམ་པར་དག་པའོ།། གར་ཡང་མ་གྲུབ་པའོ།། ཁྱབ་པ་མེད་པ། མ་ཁྱབ་པ་མེད་པ། མཐོ་ན་དམན་མེད་པ། ཆེ་ཆུང་མེད་པ། བཟང་ངན་མེད་པ།
112a5 ཡངམ་རོས་མེད་པ། རྔ་འབྲས་མེད་པ། ཕོ་མོ་མེད་པ། རིགས་ཆུད་མེད་པ། གཟུགས་མེད་པ། ལས་དང་རྣམ་སྨིན་མེད་པ། ཕྱི་ནང་མེད་པ། སྐྱེ་བ་མེད་པ། འཕོ་འཀུར་མེད་པ། མུན་སྣང་མེད་པ། སྔ་ཕྱི་མེད་པ། མཐའ་དབས་མེད་པ། བདག
112a6 མེད་པ། རྩོལ་སྒྲུབ་མེད་པ། བླང་དོར་མེད་པ། རང་གིས་མ་བཅོས་པ། ཡོང་གིས་འོད་གསལ་བ། མ་བསླད་པ། མ་བྱུང་བ། མ་སྐྱེས་པ་ཡིན་ན། ལང་ཀའི་བདག་པོ་ཅི་མཚན་ཉིད་དང་རང་བཞིན་ཅི་ཞེས་འདྲི། བྱང་ཆུབ་ཀྱི་སྙིང་པོ
112a7 ནི་སྣང་བ་དང་མི་སྣང་བ་ལས་འདས་ཏ་མཚན་ཉིད་དང་རང་བཞིན་མི་དམིགས་སོ། ། དེ་ལྟར་ན་ཡང་ཀའི་བདག་པོ་གང་སྐྱེས་བུ་དམ་བདག་སྙིང་པོ་བྱང་ཆུབ་ཏུ་གནས་ཏེ་མི་དམིགས་པ་དེ་ལ་རྡོ་རྗེ་སེམས་དཔའ་སྟོང་པ་ཉིད་ཁོ་ན་ཉིད
112a8 དམ་པ་དེ་ལས་དེ་དག་བགམ་པའི་ཕྱིར་འདི་སྐད་ཅེས་འབྱུང་ངོ་། ། ཀྱེ་སྐྱེས་བུ་དམ་པ་དག་གང་སྙིང་པོ་བྱང་ཆུབ་མཐོང་ངམ། སྐྱེས་བུ་དམ་པ་རྣམས་སྙིང་པོ་བྱང་ཆུབ་དེ་ཁོ་ན་ཉིད་དེ་ལས་འདི་སྐད་ཅེས་འབྱུང་ངོ་།། ཀྱེ་བ་ཤེས་གཉེན
iiif viewer powered by OpenSeadragon
111b - 112b