e-texts navigator
Collection
Volume
Page
Wylie

110b1 ཐམས་ཅད་ནས་ཐམས་ཅད་དུ་བྱང་ཆུབ་ཉིད་དོ།། སྟོང་པ་ཉིད་དོ།། སྙིང་པོ་ཉིད་དོ།། དེ་ཁོ་ན་ཉིད་དོ།། ཡང་དག་པ་ཉིད་ཉིད་དོ།། ངེས་པ་དམ་པ་ཉིད་དོ།། གཞན་པ་ཡིན་པ་ཉིད་དོ།། སྐྱེ་བ་མེད་པ་ཉིད་དོ།། འགག་པ་མེད་པ་ཉིད་དོ།། དེ་བཞིན་ཉིད་དོ།།
110b2 པའི་ངོ་།། ཆོས་ཉིད་དོ།། ཆོས་ཀྱིས་དབྱིངས་ཉིད་དོ།། བསམ་གྱིས་མི་ཁྱབ་པས་བསམ་དུ་མེད་པ་ཉིད་དོ།། ཡང་དག་པའི་མཐའ་རཉམ་པ་ཉིད་དོ་ཞེས་ལུང་བསྟན་པ་དང་། དེ་ཁོ་ན་ཉིད་གསང་བ་དམ་པའི་སྒྲ་དཔལ་རྡོ་རྗེ་སེམས་དཔའི་དཁོན
110b3 ཉིད་སྟོང་པ་ཉིད་ལས་གྲགས་པས་སྐྱེས་བུ་དམ་པ་རྣམས་ཐམས་ཅད་ནས་ཐམས་ཅད་དུ་བྱང་ཆུབ་ཀྱི་སྙིང་པོ་ཉིད་ངེས་པ་རྙེད་དོ། ། ཀྱེ་ལང་ཀའི་བདག་པོ་བྱང་ཆུབ་ཀྱི་སེམས་དེ་ཁོན་ཉིད་གས་བ་དམ་པདེ་འདི་ལྟར་དཀའ་ག་འདི་ལྟར་ཟས
110b4 འདི་ལྟར་རྒྱ་པ། འདི་ལྟར་བསམ་དུ་མེད་པ། བསམ་གྱིས་མི་ཁྱབ་པའི་ཕྱིར་གང་གི་ངེས་པ་རྙེད་པར་དཀའ་བ་ནི་དེ་ལྟ་བུའོ།། དེ་ནས་ཡང་ལང་ཀའི་བདག་པོས་དྲིས་པ། ཀྱེ་གསང་བ་པའི་བདག་པོ་བྱང་ཆུབ་ཀྱི་སེམས་དེ་ཁོ་ནའི་དགསང
110b5 དམ་པ་འདི་བར་དང་བཅས་པ་ཞིག་གམ། འོན་ཏེ་ཏན་ཆད་པ་ཞིག། གལ་ཏེ་རྒྱུན་དང་བཅས་པ་ཞིག་ན་ནི། ཡེ་ཤེས་ཆེན་པོ་སྐྱེ་འགུག་དང་བཅས་པ་ཡིན་ནོ།། འོན་ཏེ་རྒྱུན་ཆད་པ་ཞིག་ན་ནི་ཡེ་ཤེས་ཡེ་ཤེས་ཀྱི་ཁྱད་པར་དང་དགོངས་པ་དགོད
110b6 པའི་གོའམ་ཡིད་པར་འགྱུར་རོ། ། སྐད་ཅེས་དྲིས་པ་དང་། གསང་པ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གསང་པ་དམ་པ་དེ་ནི་སྐྱེ་འགག་མེད་པར་རྒྱུན་དང་བཅས་པའོ།། དྲིས་པ། གསང་བ་པའི
110b7 བདག་པོས་ས་ལྡན་དཔ་ཅས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་ཡེ་ཤེས་རྒྱུན་དང་བཅས་པའོ།། ང་རྗེས་རྒྱུན་དང་བཅས་པའོ།། ཕྲིན་ལས་རླུན་དང་བཅས་པའོ།། ཡོན་ཏན་རྒྱུ་དང་བཅས་པའོ།། བྱར་བ་རླབས་རྒྱུན་དང་ས
110b8 སྨོན་ལ་བརྐུན་དང་བཅས་པའི་ཕྱིར་རྐུན་མ་ཆེད་པའོ། ། དྲིས་པ། གསང་བ་བའི་བདག་པོ་དེ་དག་ལ་ཅིའི་ཕྱིར་རྒྱུན་ཞེས་བྱ། སྨྲས་པ། ལང་ཀའི་བདག་པོ་རྒྱུན་གྱི་རང་བཞིན་དུ་འབྱུང་བའི་ཕྱིར་རོ།། ངེས་པ། རྒྱུན་གྱི་རང་བཞིན་གང་། སྨྲས་པ།




iiif viewer powered by OpenSeadragon

110a - 111a

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo