| | e-texts navigator
|
109b1 ནུས་པ་ཅན་དུ་ཤེས་པར་བྱའོ། ། ལང་ཀའི་བདག་པོ་རྟགས་ནི་འདི་ལྟ་སྟེ། གཙུག་ཏེར་དམ་པ་འབྲང་བ་དང་།། གང་ལ་མ་བཞག་ལྷ་ནེ་དང་།། ན་ཀྱིས་ཡོངས་སུ་གྲུབ་པ་དང་། འོད་ཟེར་མཐའ་ཡས་རྒས་པའོ།། ལང་ཀའི་བདག
109b2 པོ་དེ་ན་ད་པའི་མེས་འདམ་པ་དེ་དག་ནི་ཆོས་ཀྱི་ཐུབ་པདམ་ཤེས་བྱ་བར་དམ་པ་རྣམས་ཀྱི་ཞང་དུ་ཡོངས་སུ་གྲགས་སོ། ། ལང་ཀའི་བདག་པོ་དབང་གི་ཡང་།། ཡང་གཅིག་བསྡུས་ཏེ་ཤེས་པར་གྱིས། ཁུངས་དང་གྲགས་པའི
109b3 ཡུལ་དབང་པོ་དགོས་པ་དང་། ། ཐབས་དང་གནས་དང་རྟགས་དང་དེ་ན།། བསྡུས་པ་འདའ་ས་རྫོགས་པ་ཡིན།། སངས་རྒྱས་ཀུན་གྱི་དགོངས་པའི་འདུས་པའི་མདོ་ཆེན་པོ་ལས་སྐྱེས་བུ་དམ་པ་དང་པ་མེ་རྫེམསག
109b4 དེ་ནས་རྡོ་རྗེ་སེམས་དཔའ་དེ་ཁོན་ཉིད་དེས་སྐྱེས་བུ་དམ་པ་དེ་དག་ཡོངས་སུ་རྫོགས་པར་ཡང་བསྟན་པ་ནི་འདི་ལྟ་སྟེ། སྐྱེས་བུ་དམ་པ་དེ་དང་ཁྱེད་ནི་ཐོག་མ་དང་ཐ་མ་མེད་པའི་དུས་ན་མེངོན་པར་རྫོགས་པ་སངས་གས་སུ་འབ་ཞིག
109b5 གྱུར་ཏེ། ས་བུ་དམ་པ་སེམས་དང་པོ་རྡོ་རྗེ་ཞེས། བདེན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བར་སངས་རྒྱས་མི་ཁྲུགས་པ་བྱ་བར་འགྱུར་རོ།། སྐྱེས་བུ་དས་པ་རྡོ་རྗེ་ངན་ཅན་ཞེས་བྱ་བ་དེ་ནི་འཇིག་རྟེན་གྱི་ཁམས་དཔལ་ད
109b6 ལྡན་པ་ཞེས་བྱ་བར་སངས་རྒྱས་ན་རྟེན་འབད་པ་ཞེས་བྱ་བར་འབྱུང་བར་འགྱུར་རོ། ། སྐྱེས་བུ་དམ་པ་རྡོ་རྗེ་ཆོས་ཞེས་བྱ་བ་དེ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བར་སངས་རྒྱས་འད་མཐར་ཡས་ཞེས་བྱ་བར་འབྱུང་བར
109b7 རྣམ་པ་དེ་རྗེད་འངས་ཞེས་བྱ་བ་དེ་ནི་འཇིག་རྟེན་ཀྱི་ཁམས་བྱང་ཆུབ་ཀྱིས་བརྒྱན་པ་ཞེས་བྱ་བར་སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བར་འབྱུང་བར་འགྱུར་རོ། ། སྐྱེས་བུ་དམ་པ་རྡོ་རྗེ་སྣ་ཚོགས་ཤེས་བྱ་བ་དེ་ནི་འཇིག་རྟེན་གྱི་ཁ
109b8 རྣམ་པར་དག་པ་ཞེས་བྱ་བར་སངས་རྒྱས་ན་པར་གྲུག་པ་ཞེས་བྱ་བར་འཐུང་བར་འགྱུར་རོ། ། ཞིང་ཁམས་དེ་དག་ཀུན་གྱི་ཡོན་ཏན་ནི་ཡོངས་སུ་བརྗོད་པར་བྱ་བའི་དཔེ་ལས་འདས་ཏེ་དཔེ་མེད་པའི་ཕྱིར་བརྗོད་ཀྱིས་མི་ལང་ངོ་།།
iiif viewer powered by OpenSeadragon
109a - 110a