e-texts navigator
Collection
Volume
Page
Wylie

109a1 ད་གས་དབང་བྱིན། ལ་ལས་ན་འ་རྡོ་རྗེ་འབར་བའི་དབང་གིས་དབང་བྱེན། ལ་ལས་ན་རིགས་ཀྱི་ཕྱག་རྒྱ་ལྟ་བུའི་དབང་གིས་དབང་བྱིན། ལ་ལས་ནི་རྡོ་རྗེ་བ་ལམ་ལྟ་བུའི་དབང་གིས་དབང་བྱན། ལ་ལས་ནི་དགའ་ལྡན་ལ་ཤ
109a2 དག་ཏུ་ད་ན། ལ་ལས་ནི་འོག་མིན་ལྟ་བུ་ག་དག་ཏུ་དབང་བྱིན། ལ་ལས་ནི་སྐང་པོ་བྱང་ཆུབ་ཀྱི་གནས་གན་བར་དབང་བྱིན། ལ་ལས་ནི་དབང་སྐར་གྱི་ཁང་བཟངས་ལ་སོགས་པ་ལྟ་བུར་དབང་བྱ་ནི། ལ་ལམ་ནི་ཆོས་ཀྱི་རྒྱལ་ཚ་བ་ལྟ་བུ་བྱ་ན།
109a3 རྫོགས་པའི་ལོངས་སྤྱོད་ལྟ་བ་བྱིན། ལ་ལས་ནི་ཆོས་ཀྱི་མངའ་བདག་ཉིད་ལྟ་བུ་བྱིན། ལ་ལས་ནི་གསང་བའི་བདག་པོ་ལྟ་བུ་བྱིནི། ལ་རྀ་ཀའི་བདག་པོ་དབང་གི་དོན།། ཆུ་དང་འཐོབ་དང་མི་འཐོབ་དང་། ཡུལ་དང་སྣོད་དང་ཁྱད་པར་དག་པ
109a4 བདུན་གྱིས་འདིའི་དོན་བསྡུས་པའོ། ། ལང་ཀའི་བདག་པོ་དེ་ལ་རྒྱ་ནི་རྣལ་འབྱོར་ཆེན་པོ་ལྔ་སྟེ། འདུན་པའི་རྣལ་འབྱོར་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་དང་། དབུགས་ཆེན་འབྱིན་པའི་རྣལ་འབྱོར་དང་། ལུང་ཆེན་ཐོབ་པའི་རྣལ་འབྱོར
109a5 དང་། རྩལ་ཅན་རྫོགས་པའི་རྣལ་འབྱོར་རྣམས་སུ་རིག་པར་བྱའོ།། ལང་ཀའི་བདག་པོ་ཐོབ་པའི་ཚད་ནི་འདི་ལྟ་སྟེ། བསླབ་པ་ཡོངས་སུ་ཆུབ་པ་དང་། དེ་ཁོ་ན་ཉིད་མཐོང་བ་དང་། ཤེས་བྱ་གང་ལ་ཉམས་མིང་པ་དང་། གང་གི་འཇིགས་པ་དང་བྲལ
109a6 བའོ། ། གང་མི་འཐོབ་པ་ནི་གང་རློམ་པ་དང་། གང་དག་མ་ངེས་པ་དང་། གང་ལ་དམ་པར་དམིགས་པ་དང་། གང་དུ་མི་འབྱུང་བའོ།། ལང་ཀའི་བདག་པོ་ཡུལ་ནི་མཆོད་རྟེན་དང་། སྒྲ་བརྙན་དང་། ཆད་མ་དང་། ངེས་པའོ།། ལང་ཀའི་བདག་པོ་གང་སྣོད
109a7 དུ་རུང་བ་དང་། རྩལ་ཆེན་རྫོགས་པ་དང་། ཐུགས་རྗེ་འབྱུང་བ་དང་། གཞན་པ་དབང་དུ་གྱུར་བའོ།། ལང་ཀའི་བདག་པོ་ཁྱད་པར་ནི་འདི་ལྟ་སྟེ། རྩལ་གྱིས་ཐོབ་པ་དང་། བསྐུར་བས་ཐོབ་པའོ།། ལང་ཀའི་བདག་པོ་རྩལ་གྱིས་ཐོབ་པ་ནི་འོདདུ
109a8 རྣམས་ཀྱི་གསང་བའི་ཤུགས། ། ཏོགས་ནས་གང་ལ།། སེལ་བྱེད་པ།། དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ།། སྲིད་པ་གསུམ་ཀྱིས་དེ་དབང་བསྐུར།། ལང་ཀའི་བདག་པོ་གང་བཀུར་བས་ཐོབ་པ་ནི་གང་ལ་ཕན་པ་དང་གང་གིས




iiif viewer powered by OpenSeadragon

108b - 109b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo