e-texts navigator
Collection
Volume
Page
Wylie

107a1 པ་ལས་འདས་ཏེ་ཐ་མའི་དཔགས་ཕྱིན་ནས་ཡང་དག་པའི་ངེས་པ་ཡོངས་སུ་རྙེད་དོ། ། རྙེད་པར་གྱུར་ཏོ།། ཀུན་དུ་རབ་ཏུ་རྙེད་ནས་ཡང་སྐྱེས་བུ་དམ་པ་དེ་རྣམས་ཟག་ཆད་པར་དུས་སོ།། ཡང་རྡོ་རྗེ་སེམས་དཔའ་འདེ་ཁོ་ན་ཉིད་ངེས
107a2 མཁྱེན་བཞིན་དུ་སྐྱེས་བུ་དམ་པ་དེ་རྣམས་ལ་བཀའ་སྩལ་པ། ཀཱི་སེཾས་བུ་དམ་པ་ཁྱད་ཅག་ཀྱང་ཅིའི་ཕྱིར་དུ། དེ་དག་གིས་གསོལ་པ། བཤེས་གཉེན་དམ་པ་འདི་ལྟ་སྟེ།། ལམ་གྱི་ནང་ན་ཉེ་ལམ་པ། ཐབས་ཀྱི་ནང་ན་དམ་པ་འདི།། སྔོན་དུ་མཐོས
107a3 སྐལ་བ་ཆང་། ། ཨ་མ་འངོ་མཚར་རྨད་ཀྱི་ཆོས།། ཡན་གྱི་དོན་སྲིད་འདི་ལྟ་བ། དོན་རག་གཞན་ལམ་ལུས་པར།། གཞན་ལ་རེ་སྩོལ་ཨ་མའོ་འཁྲུལ།། བྱ་བའི་ལས་ལ་ཤ་ཐང་བར། མཚན་མའི་རྗེས་སུ་ག་ཡེང་སྤོས་ཏེ།། དལ་མ་དངོན་མེད་རག
107a4 མཐར་ཡས། ། བསྟབས་མ་འདུས་དོན་རེ་རུང་།། བཤེས་གཉེན་དམ་པ་དེ་གཉིས་ལས།། ངེས་པར་རྙེད་པས་དབུགས་ལེན་འབྱིན།། སངས་རྒྱས་མཉམ་དང་དབྱིངས་སུ་གྲོལ།། དེ་ཉིད་ཆེན་པོར་ལུན་གྱིས་གྲུབ་ཅོས་གསོལ་ཏེ། ངོ་མཚར
107a5 དགའ་བ་ཆེན་པོ་ལས་ཡེ་ཤེས་ཀྱི་འོད་ཉམ་འབུམ་ལྟ་བུར་བྱུང་བས་གདས་པ་རྣམས་ནི་རིག་པའི་རྩལ་སྤངས། དོན་གྱི་ཆེ་བ་ཕྱུང་། ས་རྣམས་ཀུན་དུ་གཡོས་པས་སྤྱོད་པའི་རྣལ་འབྱོར་པ་དག་ངོ་མི་ཚང་བར་གྱུར་ཏེ་རང་རང་གི་སྟོན་པ་ལ་གསོལ
107a6 པ། འདིལྟ་བའི་ལྟས་ཡམཚན་ཅན་འདི་ཇིག་བཞིག་ལགས་ནས་ཞུས་པ་ལས། སོ་ས་སྟོར་པ་དཔག་ཏུ་མེད་པས་སོ་སོའི་འཁོར་དཔག་ཏུ་མ་དཔལ་བཀའ་སྩལ་པ། རིགས་ཀྱི་བདག་ལྟས་ཆེན་པོ་འདིན་གང་ལ་ཁབ་ཆེན་པོ་ཞེས་བྱ་བ་ལ
107a7 ཁམས་ན་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་རྡོ་རྗེ་སེམས་དཔའ་དེ་ཁོ་ཉིད་ཅེས་བྱ་བ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བའི་ངོས་སྟོན་ཏེ། སངས་ནས་དེ་ནི་ཐེ་མ་ཐམས་ཅད་གཅོད་ཅིང་སངས་རྒྱས
107a8 ད་ཨ་བྱང་ཆུབ་སེམས་དཔའ་ཐམས་ཅད་ངེས་པར་སངས་རྒྱས་པར་ལུང་སྟོན་པའི་དགེ་བའི་བཤེས་གཉེན་དམ་པར་གྱུར་པས་སྐྱེས་བུ་དམ་པ་ལྔ་གང་གསང་སྔགས་ཀྱི་ངེས་པ་མ་རྙེད་པས་ཡོངས་སུ་མངོན་པར་རྫོགས་པར་སངས




iiif viewer powered by OpenSeadragon

106b - 107b

Texts on this page

Q452 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo