| | e-texts navigator
|
106a1 རང་ལ་ཡོད་པར་མ་ཤེས་ཏེ་ཆོས་ཉིད་དུ་འཇོག་ཅིང་དཔྱོད་པ་དང་མ་བྲལ། སངས་རྒྱས་རྣམས་ནི་སྙིང་པོ་བྱང་ཆུབ་ལ་མི་རྟོག་པའི་དང་དུ་མི་གཡོ་བར་གནས་ཏེ་མངོན་པར་འཚང་མི་རྒྱ་བར་གནས་ན་ཁྱེད་ཅིའི་བྱིང་ངུ་བར་བྱེད། དེ་སྐད
106a2 ཅེས་བཀའ་སྩལ་པས། སྐྱེས་བུ་དམ་པ་དེ་རྣམས་དགའ་མགུ་རངས་ཏེ་དབུགས་བྱིན་ནས་འདི་སྙམ་དུ་སེམས་སོ།། ཇི་ལྟར་སྔོན་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣབས་ཀྱིས་ཀྱང་ད་དུང་གསང་སྔགས་ཀྱི་དེ་བེ་དེ་ཁོ་ན་ཉིད
106a3 མངོན་དུ་མ་གྲུར་ན་བདག་ཅག་ལ་སོགས་པ་ལྟ་ཅི་ཐོས། ཡོད་སྟོན་པ་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་འདི་ནི་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་དམ་པ་ཉིད་ཁོན་པས་བདག་ཅག་གི་བློ་གྲོས་འདི་ལ་ནུབ་པར་གོང་མ་ཆག་སྙམ་མོ།།
106a4 དེ་ནས་སྐྱེས་བུ་དམ་པདེ་རྣམས་ཀྱིས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གསང་སྔགས་དམ་པ་དེ་ན་ཉིད་དེ་ནི་གང་ཡོངས་སུ་བརྗོད་པ་ལས་འདས་དེ་གསུང་བར་མི་མངའ་བས་བསྟན་ཅིང
106a5 བརྟག་པར་རབ་ཏུ་དཀའ་བ་ལགས་ཞེ་ན། འོན་ཀྱང་བཅོམ་ལྡན་འདས་པར་ནི་བློ་གྲོས་ཆེན་པོ་རྣམས་ཀྱི་ཡུལ་དུ་ངེས་ཤིང་ཐེ་ཚོམ་ཐམས་ཅད་གཅོད་པ། དམ་པ་རྣམས་ཀྱི་དམ་པ་ཉིད་ལགས་པས་ན་བདག་ཅག་གིས་བློ་གྲོས་ངེས་པར་ཆུབ་པ
106a6 བངེས་པའི་སྩོགས་དགོངས་པ་དམ་པའི་མཉམ་པ་ཉིད་དུ་བསྟན་དུ་གསོལ་ཞེས་གསོལ་པ་ལས། བཅོམ་ལྡན་འདས་དེ་ཁོ་ན་ཉིད་དེས་བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས་ལེགས་སོ།། དེས་སོ།། འདི་ལྟ་སྟེ། གསང་སྡིགས་དམ་པ་དེ་ཁོ་ན
106a7 ཉིད་དོནི་དཔྱོད་པ་ཐམས་ཅདང་དཔལ་བ། མཐའ་དང་དབུས་མ་དམིགས་པ། སྐུང་མེད་པ། གང་དོར་མེད་པ། ཚྭ་འབྲས་ལས་འདས་པ། ཡོ་ནས་དག་པ། ཡེ་ནས་ཟིན་པ། བྱ་བ་བྱེད་པ་བཅོལ་བ་མེད་པ་བསྒྲུབ་ཏུ་མེད་པ། བརྩམ་དུ་མེ་པ།
106a8 གཞན་ནས་མི་འབྱུང་། ཉེན་པོ་མེད་པ་བྱེད་པ་པོ་མེད་པ། མ་བྱས་པ་མ་བཏགས་པ། བདག་མེད་པ་མ་བཅོས་པས་བསླད་པ། དེ་ཡིན་པར་ངོས་པ་མ་ནོར་པ། ཇི་བཞིན་པ་མ་འགགས་པ། མ་སྐྱེས་པ་མི་ནུབ་པ་མི་རླག་པ།
iiif viewer powered by OpenSeadragon
105b - 106b