| | e-texts navigator
|
104b1 གྱུར་ཏོ། ། དེ་རས་ལང་ཆེན་ཐོབ་པའི་རྣལ་འབྱོར་དུ་སྣང་བ་ཉིད་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པོ།། དེས་སེང་གེ་དག་ལ་ཞོན་ཏེ་ཐམས་ཅད་ཟིལ་གྱིས་གནོན་པའི་ལྷས་མཐོང་བར་གྱུར་ཏོ།། དེ་ནས་རྩལ་རེན་རྫོགས་པའི་རྣལ་འབྱོར་སྣང་བ
104b2 ཉིད་ལ་ཀུན་ཏུ་སྡང་གི་ཏིང་ངེ་འཛིན་ཐོབ་སྟེ། དེས་ཉི་ཤུའི་འཁོར་ལོ་བསྐོར་བས་ཐམས་ཅད་འོད་ཀྱིས་གསལ་བར་བྱེད་པའི་ལྷས་མཐོང་བར་གྱུར་ཏོ།། ལང་ཀའི་བདག་པོ་དེ་ལྟར་གུར་དུ་ཟིན་ཀྱང་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ཀྱི་ངེས་པ་རྙེད་པ་ནི
104b3 མ་ཡིད་ད། ཙོ་ཕྱང་ནན། ལ་ཀའི་བདག་གང་ལས་དང་པོ་པའི་རིགས་ཀྱི་བདེ་དག་རྩལ་འཆལ་ཞེས་བུར་ཐུར་པ་ན་སྐྱེས་བུ་མ་པ་ཛ་རྗེས་པས་དཔའ་དང་། སྐྱེས་བུད་མ་པ་རྗོ་ན་ཅན་དང་། སྐྱེས་བདམ་པ་རྡ་རྗེ་པ་དང་། སྐྱེས་བུད་མ
104b4 པ་ལས་ཀྱི་རྡོ་རྗེ་དང་། སྲས་བུདམ་པ་རྡོ་རྗེ་དབྱིངས་ཞེས་བྱ་བ་ཞིང་ཁམས་ཐམས་ཅད་དུ་གྲགས་སོ།། དེ་ལ་ལ་ལ་ནི་རྒྱལ་འཚ་བ་སྐྱེས་བུ་ཞེས་བྱ་བར་བརྗོད་ཅིང་དེ་ལྟར་གྲགས་སོ།། ལ་ལར་ནི་སྲིད་པ་ཐམ་པ་དེས་བྱ་བར་བརྗོད་ཅིང་གྲགས
104b5 སོ། ། ལ་ལར་ནི་ས་ཆེན་པོའི་སངས་རྒྱས་ཞེས་བྱ་བར་བརྗོད་ཅིང་གྲགས་ཀྱང་སངས་རྒྱས་ཀྱི་དགོངས་པ་གསང་བ་དམ་པར་དུང་ཉམས་སུ་མ་མྱོང་སྟེ་མཉམ་པ་ལ་འཇོག་དགོས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་དག་གིས་ནམ
104b6 མཉམ་པ་ལ་མབའག་གེ་བར་དུ་སངས་རྒྱས་ཀྱི་དགོངས་པ་ཉམས་སུ་མ་མྱོང་ནས་ཡང་དག་པའི་རྟོག་པས་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་ལ་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཉམ་པར་བཞག་པ
104b7 དད་། ། མ་བཞག་པ་མེ་མངའ་བར་རྣམ་པ་ཐམས་ཅད་མཁྱེན་ན་བདག་ཅག་གིས་བསྐལ་པ་དཔག་ཏུ་མེད་པར་དགའ་བ་ད་པག་ཏུ་མེད་པར་བགྱི་བ་ཐམས་ཅད་རྫོགས་པར་བགྱི་བ་ལམ་བཞག་གི་བར་དུ་སངས་རྒྱས་ཀྱི་དགོངས་པ་མྱོང་བར་མགྱུར་པ་འདི་ངོ་མཚར
104b8 ལགས་སོ། ། བདེ་བར་གཤེགས་པ་འདི་ངོ་མཚར་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེ་སྙིང་པོ་དེས་བཀའ་སྩལ་པ། ཀྱེ་སྐྱེས་བུ་དམ་པ་རྣམས་གང་དེ་བཞིན་གཤེགས་པ་ཉིད་དུ་ལྷུན་གྱིས་གྲུབ་པར་འདོད
iiif viewer powered by OpenSeadragon
104a - 105a