| | e-texts navigator
|
104a1 དང་དཔུད་ཚོགས་ཀྱིས། ། དབང་སྒྱུར་ཐབས་ཀྱི་ཐེག་པ་སྟོན།། ཡང་ལུད་ཆེན་ཐོབ་པའི་སྐབས་སུ་སེམས་བདུན་རྫོགས་ཏེ་ལྷན་ཅིག་གནས་པའི་དྲི་མ་དག་པས་རི་བོ་ལས་རྒལ་ཏེ་དམིགས་པས་འབྲས་བུ་སྐྱེ་བའི་ས་པར
104a2 གནས་སོ། ། དེའི་ཚེ་སངས་རྒྱས་བདུན་ཁྲི་བདུན་སྟེང་ལ་ལུང་ཐོས་པས་རྟོག་ཆེན་ལ་གནས་སོ།། དེ་ཡང་འདི་ལྟ་སྟེ། དེའི་ཚེ་སྐྱེས་བུ་དམ་པ་དེ།། འབྲས་པ་ཉིད་ལ་ལམ་ཤེས་པ།། ལམ་གྱི་ཡན་ལག་བདེ་རྫོགས་ཏེ། གཞན་དག་སྨིན་པར་བྱ
104a3 བའི་ཕྱིར། ཇི་ལྟར་འདོད་ལྟར་ཐབས་མཆོག་སྟོང་།། ཡང་རྩལ་ཆེན་རྫོགས་པའི་སྐབས་སུ་སེམས་གསུམ་བསྐྱེད་ཅིང་མཐའ་དྲུག་ཆུབ་ནས་གནས་པར་མི་འགྱུར་བའི་ས་པར་གནས་སོ།། དེའི་ཚེ་སངས་རྒྱས་བརྒྱད་ཁྲི་བརྒྱད་སྟོང་ལས་ལུང
104a4 བསྐུར་པ་ཟོས་ནས་རྡེང་དུགྱུར་ཏོ། ། དེ་ཡང་འདི་ལྟར། དེ་ནས་རྒྱལ་འཚབ་སྲས་བུར། ཆོས་ཀྱི་རྒྱལ་པོ་གང་དེ་ཡི།། གདུང་འཚོ་བ་དགའ་ལན་ཐེག་ཆེན་སྟོན།། མི་གནས་བཅུ་དུས་ཆོ་འཕྲུལ་སྡང་།། ལང་ཀའི་བདག་པོ་དེ་ལྟར་ན་ལས་དང་པོ
104a5 པ་ཨའི་རིགས་ཀྱི་བུ་དེ་དག་ནི་རིག་ས་ལྡང་སྐྱེ་བ་བླངས་པ་དེ་ནས་ཀྱང་བསྐལ་པ་དཔག་ཏུ་མེད་པ་བརྗོད་པ་ལས་འདས་པའི་ཐོག་མ་དང་ཐ་མ་མེད་པའི་དུས་ན་སངས་རྒྱས་ལྔ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ
104a6 རྣམ་པར་སྡང་བྱེད་ཀྱི་བུ་ལྔར་སྐྱེས་པ་ནི་འདི་ལྟ་སྟེ། མཛེས་པའི་མེ་ཏོག་དང་། བསམ་གྱིས་མི་ཁྱབ་པའི་དཔལ་དང་། ནོར་སྦྱིན་འཛིན་དང་། ཟླ་ཆེས་དཔལ་དང་། ཀུན་ལ་མཛེས་པའི་འོད་ཅེས་བྱ་བ་ལྔར་གྱུར་ཏེ། དེ་དག་ལས་ཀྱི་དང་པོ་བདུན་པའི
104a7 ནལ་འབྱོར་པར་གྱུར་པ་ཉིད་ལ་ཡིད་ལ་བྱེད་པ་ཞེས་བྱ་བ་ཐོབ་བོ། ། དེས་ནམ་མཁའ་ལ་འགྲོ་བའི་ལྷས་མཐོང་བང་གྱུར་ཏོ།། དེ་ནས་རིགས་ཆེན་འབྱེད་པའི་རྣལ་འབྱོར་པར་གྱུར་པ་ཉིད་ལ་འཕྲོ་འདུ་གཅིག་པའི་ཏིང་ངེ་འཛིན་ཐོབ་བོ།། ངེས་བདག་ཉིད
104a8 ཡི་གེའི་ཕྲེང་བར་སྣང་བའི་ལྟས་མཐོང་གྱུར་ཏོ། ། དེ་ནས་དབུགས་ཆེན་ཕྱིན་པའི་རྣལ་འབྱོར་བར་སྣང་བ་ཉིད་ལ་ཡོངས་སུ་མི་ལྡོག་པའི་ཏིང་ངེ་འཛིན་ཐོབ་པོ།། དེས་འཇིག་རྟེན་གྱི་ཁམས་ནོར་བུ་རིན་པོ་ཆེས་གང་བར་སྤྱོད་པའི་ལྟས་མཐོང་བར
iiif viewer powered by OpenSeadragon
103b - 104b