e-texts navigator
Collection
Volume
Page
Wylie

64a1 སན་བརྙེས་པས་ནི་ཤིན་ཏུ་ཡོངས་སུ་བཟུང་ཀྱིས་ཀུན་པོ་མནནམངས་སུམ་བཅུརྩ་གཉིས་ཀྱིས་ནི་སྐུ་བརྒྱན། དཔེ་བྱད་བཟང་པོ་བརྒྱད་བཅུས་ནི་ཡན་ལག་དང་ཉིད་ལག་ཐམས་ཅད་རྣམ་པར་སྦས། སྐྱེགཙུག་ན
64a2 སེམས་ཅན་ཐམས་ཅད་ཀྱིས་ལྟར་མི་མཐོང་། ། བདུད་ཀྱི་ཚེར་མ་ཐམས་ཅད་ནི་བཀྲུགས། དེ་ཁོ་ན་ཉིད་མཁྱེན་པ་ཉིད་ནི་རིམ་པར་ཐུགས་སུ་ཆུད།། སྤྱན་རྣམ་པ་ལྔ་ནི་མངའ། རྣམ་པ་ཐམས་ཅད་མཁྱེན་པའི་མཆོག་དང་ནི་ལྡན། ཐམས།
64a3 ཅད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་ལྡན། བདུད་དང་ཕས་ཀྱིས་རྒོལ་བ་དང་། ངན་པའི་ཚོགས་ཅན་གྱི་ཚོགས་ཐམས་ཅད་ནི་བཅོམ། བརྗོད་པའི་སྒྲ་དང་། ཚིགས་སུ་བཅད་པ་ནི་འཕགས
64a4 གྲུ་མཆོག་དང་། སང་གེའི་སྒྲ་ནི་སྒྲོག། མ་རིག་པའི་མུན་པ་ནི་ཀུན་དུ་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་དཔག་ཏུ་མེད་པར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན།
64a5 དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དཀའ་བ་སྨད་པས་མངོན་པར་གྲུབ་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་བརྒྱན
64a6 པས་ནི་མཛེས་ཤིང་རིན་པོ་ཆེ་རྡོ་རྗེའི་པད་མའི་སྙིང་པའི་སེང་གེའི་ཁྲི་ལ་ནི་བཞུགས་ཏེ། གདན་རིན་པོ་ཆེ་དང་། རྡོ་རྗེའི་པད་མའི་སེང་གེའི་ཁྲི་རི་རབ་ཙམ་རྡོ་རྗེ་དང་། རིན་པོ་ཆེ་དང་། མུ་ཏིག་དང་ལྡན་པའི་དྲིལ་བུ་གཡེར་ཀའི་དྲ་བ་དུམ
64a7 སིལ་སིལ་སྒྲ་འཐུང་བ། རྡོ་རྗེ་དང་རིན་པོ་ཆེ་དུ་མའི་སྟེགས་བུ་ལ་རྩ་བ་ན་ལགས་པར་བརྟེན་པ་རྡོ་རྗེ་དང་རིན་པོ་ཆེ་དུ་མའི་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མུ་ཏིག་དམར་པོའི་ཕྲེང་བ་དང་ལྡན་པའི་སྔམ་བརྟེན་དང་བཅས་པ། རིན་པོ་ཆེརུ
64a8 མའི་པད་མའི་སྙིང་པོ་ལ་ཆགས་པའི་རིན་པོ་ཆེ་ཀ་ཀ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། ཨ་ནད་དྷིལ་དང་། མཐོན།། ཆེན་པོ་དང་། དུན་ལས་དུ་མའི་འོད་ཟེར་འབར་བས་སྣང་བར་གྱུར་པས་ཀུན་དུ་མཛེས་པ། རིན་པོ་ཆེ་དང་། རྡོ་རྗེའི་ཐུར




iiif viewer powered by OpenSeadragon

63b - 64b

Texts on this page

Q407 - 'phags pa rdo rje'i ri rab chen po'i rtse mo'i khang pa brtsegs pa'i gzungs