| | e-texts navigator
|
63b1 ཕྱོགས་ཀྱི་ལྷ་རྣམས་དང་། ཕྱོགས་མཚམས་ཀྱི་ལྷ་རྣམས་དང་། སའི་ལྷ་དང་། དབྱངས་ཅན་དང་། འབྱུང་པོ་རྣམས་དང་། བགེགས་རྣམས་དང་། ལོག་འདྲེན་རྣམས་དང་། ཡི་དགས་དང་། འབྱུང་པོ་རྫུ་འཕྲུལ་ཆེན་པོ་རྣམས་དང་། རིའི་རྒྱལ་པོ
63b2 ཐམས་ཅད་དང་། འཇིག་རྟེན་སྐྱོང་བཅུ་ལྷ་གཡོག་རྒྱ་མཚོའི་ལྷ་ཐམས་ཅད་དང་བཅས་པ་དང་། འཕགས་སྐྱེས་པོ་དང་། མིག་མེ་བཟང་དང་། ལག་ན་བེ་ཙོན་དང་། བདེན་བྲལ་དང་། མེའི་ལྷ་དང་། རླུང་གི་ལྷ་ཆེན་པོ་བདུན་དང་། དབང་བདག
63b3 ཆུང་མ་དང་བཅས་པ་ཚོགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་འཁོར་ཅན་དང་། སྲེད་མེད་ཀྱི་བུ་གཡོག་དང་བཅས་པ་དང་། བྱིན་པ་པོ་དང་། ཕྲེང་བ་ཅན་དང་། ལྕགས་ཅན་དང་། ཚོགས་ཀྱི་བདག་པ་ཆེན་པོ་དང་། སྤྲིན་ཏལ་དང་། ལོག་འདྲེན
63b4 དབང་པོ་བགེགས་ལོག་འདྲེན་གྱི་གཡོག་དུ་མ་ཅན་དང་། ཤིང་གསེབ་གྱི་ལྷ་དྲུག་བཅུ་དང་། སྲིང་མོ་བཞི་མིང་པོ་དང་བཅས་པ་དང་། མ་བདུན་དང་། རྡོ་རྗེ་ལྕགས་ཀྱུ་ཅན་དང་། རྡོ་རྗེ་ལུ་གུ་རྒྱུད་དང་། རྡོ་རྗེ་ཕོ་ཉ་མོ་དྲུག་བཅུ་རྩ་བཞི་དང་། རྡོ་རྗེའི
63b5 སྡེ་དང་། ལག་བཟངས་དང་། གཙུག་གིས་འགྲོ་རྡོ་རྗེའི་རིགས་ཀྱི་འཁོར་དུ་མ་དང་བཅས་པ་དང་། དེ་མ་ཡིན་པ་གཞན་ཡང་སངས་རྒྱས་དང་། ཆེས་དང་། དགེ་འདུན་ལ་མངོན་པར་དང་པོའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ
63b6 མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། སྔོ་བྱེད་དང་། བརྗེད་བྱེད་དང་། སྒྲུབ་པ་དང་། སྦྲུལ་འཛིན་བཅས་དང་། གནོན་པོ་ཚད་མེད་དཔག་ཏུ་མེད་གྲངས་མེད་པ།
63b7 རྣམས་དང་། ལྷའི་བུ་ཉི་མ་དང་། ལྷའི་བུ་ཟླ་བ་དང་། དུས་ཚིགས་ཀྱི་ལྷ་དང་། ནུབ་ཀའི་ལྷ་དང་། དུས་ཀྱི་ལྷ་ཐམས་ཅད་དང་། གནམ་སའི་ལྷ་ཐམས་ཅད་དང་ཡིད་ཐབས་གཅིག་གོ།། དེ་ལྟར་ཡང་བཅོམ་ལྡན་འདས་དེ་ཆོས་ཀྱི་འཁོར
63b8 ལ་ནི་ཤིན་དུ་བསྐོར། སངས་རྒྱས་ཀྱི་མཛད་པ་ནི་ཤིན་དུ་ཡོངས་སུ་མཐར་ཕྱིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཤིན་དུ་ཡོངས་སུ་རྫོགས་པ་ཐམས་ཅད་མཁྱེན་པ་ཉིད་དང་། བྱང་ཆུབ་ཆེན་པོ་དང་། ཕ་རོལ་ཏུ་ཕྱིན་པ་ལ
iiif viewer powered by OpenSeadragon
63a - 64a