e-texts navigator
Collection
Volume
Page
Wylie

63a1 བྱེད་དང་། ཆ་དང་ལྡན་པག་ལའོད་སྲུང་དང་། ཚེ་དང་ལྡན་པ་འད་སྲུང་ཆེན་པོ་དང་། ཚེད་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། དེ་དག་ལ་སོགས་པ་ཉན་ཐོས་ཆེན་པ་རབ་ཏུ་མང་པ་དང་། ལྷའི་བུང་དབང་ཕྱུག་ཆེན་པོ་ལ་སོགས
63a2 པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་གྲངས་མེད་དཔག་ཏུ་མེད་པ་གཞལ་དུ་མེད་པ་དག་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་ཚངས་པ་བཟང་པོ་ལ་སོགས་པ་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་བུ་རབ
63a3 འཐབ་བྲལ་གཡོག་འཐབ་བྲལ་གྱི་ལྷའི་རིས་ཀྱི་ལྷའི་བུ་དང་བཅས་པ་དང་། ཡོངས་སུ་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་ཕྱེད་དང་། ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་ཐམས་ཅད་ཀྱི་འཁོར་ཅན་དང་། ལྷ་མ་ཡིན་གྱི
63a4 དབང་པོ་ཐགས་ཟངས་རིས་དང་། སྟོབས་ཅན་དང་། རབ་སེམ་དང་། སྒྲ་གཅན་དང་། རྣམ་པར་སྣང་བྱེད་དང་། དེ་དག་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་ཚད་མད་གྲངས་མེད་དཔག་ཏུ་མེད་པ་རྣམས་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། མདྲོས།
63a5 བདང་། འཇོག་པོ་དང་། ནོར་རྒྱས་ཀྱི་བུ་དང་། དུང་སྐྱོང་དང་། སྟོབས་ཀྱི་རྒྱུ་དང་། པད་མ་དང་། པད་མ་ཆེན་པོ་དང་། མཐའ་ཡས་དང་། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་དང་། མི་འམ་ཅིའི་རྒྱལ
63a6 པོ་ལྗོན་པ་མི་ཙོའི་རྒྱ་པོ་གཡོག་དུ་མ་ཅན་དང་། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་དྲི་ཟའི་རྒྱལ་པོའི་གཡོག་དུ་མ་ཅན་དང་། རིག་སྔགས་འཆང་གི་རྒྱལ་པོ་དོན་ཐམས་ཅད་གྲུབ་པ་རིག་སྔགས་འཆང་གི་རྒྱལ་པོའི་གཡོག་དུ་མ་ཅན
63a7 དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ནམ་མཁའ་ལྡིང་གི་རྒྱལ་པོའི་གཡོག་དུ་མ་ཅན་དང་། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། ནོར་བུ་བཟང་དང་། གང་བ་བཟང་དང་། གནོད་སྦྱིན་གྱི་རྒྱལ་པོ་ལྔས་རྩེན་གནོད
63a8 སྦྱིན་གྱི་རྒྱལ་པོའི་གཡོག་དུ་མ་ཅན་དང་། འཕྲོག་མ་བུ་ལྔ་བརྒྱའི་གཡོག་ཅན་དང་། འཇིག་རྟེན་གྱི་མ་བདུན་དང་། སྲིང་མོ་ཆེན་མོ་བདུན་དང་། དྲང་སྲོང་ཆེན་པོ་བདུན་དང་། བར་སྣང་ལ་རྒྱུ་བའི་རྒྱུ་སྐར་དང་། གཟའི་ལྷ་ཐམས་ཅད་དང་།




iiif viewer powered by OpenSeadragon

62b - 63b

Texts on this page

Q407 - 'phags pa rdo rje'i ri rab chen po'i rtse mo'i khang pa brtsegs pa'i gzungs