| | e-texts navigator
|
62b1 དང་། སྤོབས་པ་དང་། ཚ་འཕྲུལ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པ་དང་། རྣམ་པར་ཐར་བའི་སྒོ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། དབང་དང་།
62b2 མངོན་པར་ཤེས་པ་དང་། མ་འདྲེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། བསྡུ་བའི་དངོས་པོ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང
62b3 བཏང་སྙོམས་དང་། བྱམས་པའི་སྟོབས་དང་། བདེན་པ་དང་། ཡོངས་སུ་བྱང་བའི་སེམས་ཀྱི་རྒྱུན་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་དང་། རྡོ་རྗེར
62b4 མིག་དང་། རྡོ་རྗེའི་ལུས་དང་། རྡོ་རྗེ་བློ་གྲོས་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འདུས་པ་དང་། རྡོ་རྗེ་མཐུ་བོ་ཆེ་དང་། རྡོ་རྗེ་རྣམ་པར་འཕྲུལ་པ་དང་། རྡོ་རྗེ་བརྩེག་པ་དང་། རྡོ་རྗེ་ཕུང་པོ་དང་། རྡོ་རྗེ་ང་རོ་དང་། རྡོ་རྗེ་བཟང་པོ་དང་།
62b5 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཏོག་ཅེས་བྱ་བ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་དང་། ཉན་ཐོས་ཆེན་པོ་རབ་ཏུ་མང་པོ
62b6 ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཆད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། རྫུ་འཕྲུལ་གྱི་སྟོབས་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་རྣམ
62b7 པར་འཕྲུལ་བའི་མཐུ་ཆེན་པོ་ཐོབ་པ། ལྟ་བ་ཆགས་པ་མེད་པ། ཐམས་ཅད་ཀྱང་། དྲི་མ་དང་བྲལ་བ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱིས་བོནངས་པར་བསྲེགས་པ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤ
62b8 རདྭ་ཏིའི་བུ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀ་བི་ན་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་མཽད་འགལ་ཀྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་སྐུལ་བྱེད་དང་། ཚེ་དང་ལྡན་པ་དགའ
iiif viewer powered by OpenSeadragon
62a - 63a