| | e-texts navigator
|
61b1 བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དཱ་ར་ཡ་དཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིན་དཙྪིན་ད་བཛྲ། བྷིན་དབེན
61b2 ད་བཛྲ། ཧཱུཾ་ཕཊ། ན་མ་ཤྩ་ཎ་ཌ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། ཨ་མྲི་ཏེ་ཧཱུཾ་ཕཊ།། སྡིག་པ་ཐམས་ཅད་བྱང་བྱས་ནས།། སྡུག་བསྔལ་ཐམས་ཅད་མེད་པར་བྱེད།། རྒྱུད་དོ་ཅོག་གི་རྩ་བ་སྟེ།། དཔལ
61b3 ཀུན་གྱིས་ནི་ལེགས་པར་བརྒྱན། ། སེམས་ཅན་དབང་པོ་ཉམས་པ་དང་།། ཚེ་ཟད་པ་དང་ཚེ་ཉམས་དང་།། ཕུན་སུམ་ཚོགས་མིན་གང་ཆགས་དང་། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་།། མཛའ་སྡུག་སྐྱེ་བོ་སྡང་བ་དང་། བྲམ
61b4 ཟེ་ལ་སོགས་གཙེས་པ་དང་། ཕན་ཚུན་འཐུན་པ་མ་ཡིན་དང་།། ནོར་འགྲིབས་པས་ནི་གནོད་པ་དང་།། མྱ་ངན་ངལ་དང་གནོད་པ་དང་།། འཇིགས་པ་དང་ནི་འཕོངས་པ་དང་། གཟའ་དང་རྒྱུ་སྐར་བྱང་སྟེམས་དང་།། མི་བཟང་གདོན
61b5 གྱིས་ཉེན་པ་དང་། ། མྱ་ངན་དལ་ལས་བྱུང་བ་ཡི།། རྨི་ལམ་སྡིག་པ་མཐོང་ན་ཡང་།། དེ་ནི་རབ་བཀྲུས་གཙང་མ་ཡིན།། མདོ་སྡེ་དམ་པ་མཉན་པར་བྱ།། གང་དག་ཡིད་དགེ་སེམས་དང་ཞིང་།། གཙང་མའི་གོས་ཀྱི་རབ་བརྒྱན་ཏེ།།
61b6 ཟབ་པོ་སངས་རྒྱས་སྤྱོད་ཡུལ་བ།། མདོ་སྡེ་འདི་ནི་ཉན་བྱེད་ན།། མདེ་སྡེ་འདི་ཡི་གཟི་བརྗིད་ཀྱིས།། སྲོག་ཆགས་དག་ནི་ཐམས་ཅད་ཀྱིས།། མི་བཟད་པ་ཡི་ནད་རྣམས་ཀྱང་།། དེ་དག་ཐམས་ཅད་ཞི་བར་བལྟ།། ཚེ་དང་བསོད
61b7 ནམས་འཕེལ་བར་འགྱུར། ། སྡིག་པ་ཀུན་ལས་རྣམ་པར་ཐར།། ནོར་བུས་ཡུངས་ཀར་དུར་བ་དང་།། རིན་ཆེན་རྨ་མེད་ཙན་དན་བཅས།། ཤེལ་དང་རྡོ་རྗེ་མེ་ཏོག་དང་།། ཆུ་ཡི་གསེར་རམ་ཡང་ན་ནི།། དངུལ་གྱི་བུམ་པ་དག་ཀྱང
61b8 རུང་། ། གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་།། ལན་གྲངས་ཉི་ཤུ་རྩ་གཅིག་གམ།། ཡངན་ལན་གྲངས་བརྒྱ་རྩ་བརྒྱད།། རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི།། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ
iiif viewer powered by OpenSeadragon
61a - 62a