e-texts navigator
Collection
Volume
Page
Wylie

60b1 ནས་མྱུར་ད་དངོས་གྲུབ་སྩོལ་བར་བགྱིད་དོ། ། ཉལ་བའི་ཚེ་བླགས་ན་རྨི་ལམ་ངན་པ་མཐོང་བར་མི་འགྱུར། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་འབུམ་དུ་བཟླས་བརྗོད་བགྱིས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར
60b2 འགྱུར་རོ། ། མཚམས་མེད་པ་ལྔ་བགྱིད་པ་ཡང་བསྐལ་པ་བཟང་པོར་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་བདག་མཆིའོ།། ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་སློབ་དཔོན་དུ་འགྱུར་རོ།། ལག་ན་རྡོ་རྗེ་མཚན་བརྒྱད་པ
60b3 གསང་སྔགས་དང་བཅས་པ་རྫོགས་སྷོ། ། ། #།། རྒྱ་གར་སྐད་དུ། བཛྲ་བི་དཱ་རཎཱ་ནཱ་མ་དྷ་ར་ཏཱི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས
60b4 ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ
60b5 འཛིན་ལ་སྙོམས་པར་བཞུགས་སོ། ། དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་བརླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་རྡོ་རྗེ་སྙིང་པོས
60b6 རབ་དུ་སྨྲས་ཏེ། མི་ཟུབ་ག་མི་ཆོད་པ།། མི་ཤིགས་པ། བདེན་པ། སྲ་པ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིག་པར་བྱེད་པ།
60b7 རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ།།
60b8 གདོན་ཐམས་ཅད་ལས་ཐར་བར་བྱེད་པ། བྱུང་པོ་ཐམས་ཅད་འབུགས་པར་བྱེད་པ་བྱུང་པོམས་ཅད་ཚ་གཅོད་པ་གི་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད




iiif viewer powered by OpenSeadragon

60a - 61a

Texts on this page

Q405 - 'phags pa lag na rdo rje mtshan brgyad pa gsang sngags dang bcas pa
Q406 - rdo rje rnam par 'joms pa zhes bya ba'i gzungs