e-texts navigator
Collection
Volume
Page
Wylie

55a1 བ་སྟེ། ཞི་ཞིང་ལག་པ་གཡོན་པ་ན།། མདུང་རྩེ་གསུམ་པ་ཐོགས་པའོ།། གཡོན་པའི་ཕྱོགས་ཀྱི་ཆ་དུ་ནི།། སྲེད་མེད་བུ་ནི་བྲི་བྱ་སྟེ།། གཡས་པ་ན་ནི་རྔ་ཡབ་དུང་།། གཡོན་ན་འཁོར་ལོ་གསལ་ཤིང་ངོ་།།
55a2 རྒྱབ་ཏུ་བརྒྱ་བྱིན་རྒྱལ་པོ་སྟེ།། དེ་བཞིན་སྨིན་དྲུག་མདུན་དུའོ།། ཚངས་པ་ལག་པ་གདུགས་འཛིན་པ།། ཁ་བ་མེ་ཏོག་ཀུན་དྷ་དང་།། ཟླ་འདྲ་བརྒྱ་བྱིན་མདུན་བྲི་སྟེ།། རང་གི་སྟན་ལ་འཁོད་པར་རོ།། ཡང་ན་སྔགས་པས་མུ
55a3 ཏིག་དང་པ་ཡི་ཞོ་འདྲ་དཀར་པོ་ནི། ། རྔ་ཡབ་ཐོགས་པར་སྨན་དྲུག་བྲི།། ཚངས་པ་ཁ་དོག་དམར་པོ་བྲི།། བརྒྱ་བྱིན་ཁ་དོག་སེར་པོ་བྲི།། རྒྱན་ཀུན་གྱིས་ནི་རྣམ་སྤྲས་ཤིང་།། རྔ་ཡབ་ཐོགས་པར་ཁྱབ་འཇུག་བྲི།། དེ་བཞིན
55a4 ཁྱུ་མཆོག་ལ་ཞོན་པར། ། ལྷ་ཆེན་པོ་ནི་བྲི་བྱ་སྟེ།། ཀུན་བགེང་ལག་ན་འཁོར་ལོ་ཅན།། དང་པ་ལ་ཞོན་བྲི་བར་བྱ།། བརྒྱ་བྱིན་གླང་ཆེན་ཞོན་པ་སྟེ།། སྨིན་དྲུག་རྨ་བྱ་ལ་ཞོན་པའོ།། ཕྱི་རོལ་དང་ནི་གྲཝ་རྣམས་སུ།། འབྱུང་མོ
55a5 བརྒྱད་ནི་བྲི་བར་བྱ། ། པད་མ་ཅན་དང་པད་ཆེན་དང་།། རྣམ་འབྱུང་མ་དང་ལྷ་འཇོམས་མ།། འཕྲོག་མ་མཆོག་དང་རིན་པོ་ཆེ།། བརྒྱན་མ་འགྲོ་བ་སྐྱོང་མ་རྣམས།། དཔལ་གྱི་སྒྲ་ཡིས་རབ་གྲགས་པའི།། འབྱུང་མོ
55a6 ཆེན་མོ་བརྒྱད་པོ་སྟེ། ། པད་མ་ཅན་དང་བད་ཆེན་མ།། པད་མ་དཀར་པོ་ལྟ་བུར་བྲི།། རྣམ་འབྱུང་མ་དང་ལྷ་འཇོམས་མ།། ཁ་དོག་དམར་པོར་བྲི་བར་བྱ།། འབྱུང་མོ་བཞི་རྣམས་མཚུངས་པར་ནི།། གསེར་གྱི་མདོག་ཏུ
55a7 བྲི་བར་བྱ། ། རྫུ་འཕྲུལ་ཆེ་ལྡན་འབྱུང་མོ་བརྒྱད།། ཇི་ལྟར་བསྟན་ཞིང་དེ་ལེགས་བྲི།། དེ་ནས་འདིར་དཀྱིལ་འཁོར་གྱི་ཆོ་ག་བཤད་པ། རྡོ་རྗེ་སློབ་དཔོན་བདག་ཉིད་མེ་ཏོག་སྔོན་པོའི་ཕྲེང་བས་རྒྱན་ཅིང་གཙུག་ཏོར་སྔོན
55a8 པོ་བཅིངས་ནས་རས་སྔོན་པོ་ཟུང་ཅིག་བགོས་ཏེ་སྔོན་བཞིན་དུ་ཁྲོ་བོའི་སྙིང་པོ་འདི་བརྗོད་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དོན་དུ།། མྱུར་དུ་དངོས་གྲུབ་སྦྱིན་མཛད་པ།། གྲུབ་པའི་རྡོ་རྗེ་ཁྲོ་བོ་སྟེ།། ལྷ་ཉིད་དམ་ཚིག




iiif viewer powered by OpenSeadragon

54b - 55b

Texts on this page

Q404 - 'byung po 'dul ba zhes bya ba'i rgyud kyi rgyal po chen po