e-texts navigator
Collection
Volume
Page
Wylie

52b1 ལངས་ཏེ། འཁོར་གྱི་དཀྱིལ་འཁོར་དེར་དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་མངོན་པར་བཏུད་ནས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཨཱ། ཨོཾ་པུ། ཨ་ནན་ཏ་མུ་ཥི་ཕུ་ཤྲཱི་པྲ་བཱ་སུ་ཁ་མུ་ཁི་པུ། ཨི་པུ་པད་མ་མི་ནི་པུ། ཨ་ཐུ་མ
52b2 ཧཱ་པད་མ་མི་ནེ་པྲ་དྷི་པུ་ཀར་ཀོ་ཊེ་མུ་ཁི་པུ། ས་པུ་ཤང་ལི་ནི་པུ་ཛུ་པུ་ཛ་ལ་མུ་ཁ~ཾ་ཕུ་ཏྲུཾ་ཕུ་དྲུམ་མུའི་ཕྲ། ཀླུ་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ་ཀླུའི་ཁང་པར་སོང་སྟེ་འབུམ་བཟླས་པས་སྔོན་དུ་བསྙེན
52b3 པ་བྱས་པར་འགྱུར་རོ། ། ཀླུ་མོ་རྣམས་དགའ་བར་འགྱུར་ཞིང་། ཀླུ་མོ་ཐམས་ཅད་ཚིམ་པར་འགྱུར་རོ།། ཡང་ངོའི་ཚེས་བཅུ་ལ་ཀླུའི་ཁང་པར་ཆུ་འབོགས་ཏེ། བདུག་པ་དང་། དྲི་དང་མེ་ཏོག་དང་འོ་མ་རྣམས་ཀྱིས་ཇི་ལྟར་བརྗོད
52b4 པའི་མཆོད་པ་བྱས་ཏེ། དེ་ནས་ཀླུ་མོ་བརྒྱད་སྟོང་ཕྲག་རེ་རེ་བཟླས་ན་མྱུར་དུ་ཀླུའི་བུ་མོ་རྣམས་རང་གི་ཁྱིམ་ནས་འོང་ངོ་།། འོངས་པ་ལ་ལེགས་པར་འོངས་སོ་ཞེས་བརྗོད་ཅིང་བདག་གི་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ཉི་མ་རེ་རེ་ཞིང
52b5 དོང་ཚེ་བརྒྱད་བརྒྱད་སོ་སོར་སྟེར་བར་བྱེད་དོ། ། ཆེ་གེ་མོ་འཚེ་བར་ཤོག་ཤིག་ཆེ་གེ་མོ་སོད་ཅིག་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་གྲུབ་པར་བྱེད་དོ།། ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་འོ་མའི་བཟའ་བས་སྟོང་ཕྲག་བརྒྱད
52b6 བཟླས་ན་བཟླས་པའི་མཐར་ཀླུའི་བུ་མོ་བཟང་མོ་འོང་ངོ་། ། འོངས་པ་ལ་སྤྱི་བོར་མེ་ཏོག་སྦྱིན་ཞིང་ཆུང་མར་གྱིས་ཤིག་ཅེས་བསྒོ་བར་བྱའོ།། ལྷའི་བཟའ་བ་བཟང་པོ་དང་། དོང་ཚེ་ལྔ་ལྔ་ཉིམ་རི་ཤིང་སྟེར་བར་བྱེད་དོ།། ཀླུའི་གནས
52b7 སུ་མཚན་མོ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐར་སྐད་ཅིག་དེ་ཉིད་ལ་ཀླ་མོ་སྤྱི་བོའི་ནད་ཆེན་པོ་དང་། ཚ་བར་གྱུར་པས་འོང་ཤིང་སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ།། ཆུང་མར་གྱུར་ཅིག་ཅེས་སྨྲས
52b8 ན། བདག་ཉིད་དང་ལྔ་ལ་རས་དང་རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་ཞིང་དོད་ཚེ་ལྔ་ལྔ་སྟོར་རོ།། མཚན་མོ་པད་མའི་ཚལ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་ཀླུའི་བུ་མོ་རྣམས་མྱུར་དུ་འོང་ངོ་།། འོངས་པ་ལ་ཆགས




iiif viewer powered by OpenSeadragon

52a - 53a

Texts on this page

Q404 - 'byung po 'dul ba zhes bya ba'i rgyud kyi rgyal po chen po