| | e-texts navigator
|
51b1 བྱས་ཏེ། ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནས་ཕྱེད་ན་ངེས་པར་འོད་དོ།། འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་ཏེ། ལྷ་མོས་འདོད་པ་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་བར་བྱེད་དོ།། དེ་ནས་གར་བྱེད་མའི་སྒྲུབ།
51b2 པའི་ཐབས་བཤད་པ་ཨ་ཤོ་ཀའི་ཤིང་གི་རྩར་སོང་སྟེ་བསྒྲུབ་པར་བྱའོ།། ཤའི་བཟའ་བ་དང་སྤོས་དང་དྲི་དང་། མེ་ཏོག་སྦྱིན་ཞིང་སྟོང་ཕྲག་བརྒྱད་བཟླས་ན། ཟླ་བ་གཅིག་གི་ནང་དུ་ངེས་པར་འོང་ངོ་།། མདོར་བསྡུས་ན་འོངས་ནམ
51b3 དང་སྲིང་མོ་དང་ཆུང་མར་འགྱུར་རོ། ། གལ་ཏེ་ཆུང་མར་གྱུར་ནི་བཟའ་བ་དང་། རས་ཟུང་རེ་དང་། དངུལ་ཆུ་དང་བཅུད་ཀྱིས་ལེ་ནི་སྟེར་ཞིང་དང་ཚེ་བརྒྱད་སྟེར་བར་བྱེད།། གལ་ཏེ་མར་གྱུར་ན་བཟའ་བ་བཟང་པོ་དང་། རས་ཟུང་རེ་སྟེ་ར་ཞིང
51b4 གསེར་སྲར་རབརྒྱ་སྟེར་རོ། ། གལ་ཏེ་སྲིང་མོར་གྱུར་ན་དཔག་ཚད་སྟོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་ཞིང་གོས་དང་རྒྱན་དང་། བཟའ་བ་བཟང་པོ་སྟེར་རོ།། དངུལ་ཆུ་དང་བཅུད་ཀྱིས་ལེན་ཡང་སྟེར་བར་བྱེད་དོ།། དེ་ནས་སྲིང་མོ
51b5 སྒྲུབ་པའི་ཐབས་བཤད་པ། གུར་གུམ་གྱིས་གྲོ་བའི་འདབ་མ་ལ་གནོད་སྦྱིན་མོའི་གཟུགས་བྲིས་ཏེ། དེ་ནས་ཚེས་གཅིག་ནས་བརྩམས་ནས་སྤོས་དང་། མེ་ཏོག་དང་མར་མེ་སྦྱིན་ཞིང་དུས་གསུམ་དུ་བཟླས་པ་བྱས་ནས་ཟླ་བ
51b6 ཉལ་ཅི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ། མར་གྱི་མར་མེ་རབ་ཏུ་སྦར་ན་མཚན་ཐོག་ཐག་བཟླས་ན་དེའི་ཐོ་རངས་ངེས་པར་འོང་ངོ་།། འོངས་པ་ལ་འདོད་པས་ལོངས་སྤྱོད་ན་ཆུང་མར་འགྱུར་རོ།། ལྷའི་དོད་ཚེ་སྟོང་སྟེར་ཞིང་དངལ་ཆུ་དང
51b7 བཅུད་ཀྱིས་ལེན་སྟེར་ཞིང་ལོ་སྟང་འཚོའོ། ། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གནོད་སྦྱིན་མེའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས
51b8 གསུངས་སོ། ། གལ་ཏེ་དམ་ཚིག་ལ་མི་གནས་ན་ཁྲོ་བོ་འདི་དང་བཅས་ཏེ་དགུག་པའི་ཕྱིར་བཟླས་པར་བྱའོ།། ཨོཾ་དྲུཾ། ཀ་ནུ་ཀ་ཊ་ཆེ་གེ་མོ་ཡཀྵི་ནི་ཧྲི་ཛ་ཛ། ཁྲོ་བོ་འདི་དང་བཅས་ཏེ་སྔགས་སྟོང་བཟླས་ན་མྱུར་དུ་འོང་ངོ་།། གལ་ཏེ་མྱུར
iiif viewer powered by OpenSeadragon
51a - 52a