| | e-texts navigator
|
43a1 ཅན་པའི་ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་འཛུབ་མོ་གཉིས་བརྐྱང་ནས་རིན་པོ་ཆེའི་རྣམ་པས་དཔྲལ་བའི་ཕྱོགས་སུ་ཕྲེང་བ་བཅིངས་ཏེ་བཞག་པ་ནི་རིན་ཆེན་རྒྱན་ཅན་མའི་ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་རང་ན
43a2 སྭཱ་ཧཱ། དེ་ནས་དབྱངས་ཅན་མའི་ཕྱག་རྒྱ་བཤད་པ། སོར་མོ་ཕན་ཚུན་འཁྱུད་དེ། འཛུབ་མོ་གཉིས་བརྐྱང་ནས་ཁར་བཞག་པའོ།། ཐིག་ལེ་མཆོག་མའི་ཕྱག་རྒྱ་བཤད་པ་སོར་མོ་ཕན་ཚུན་དུ་པད་མ་འཁོར་བའི་སྦྱོར་བས་བསྐོར་ཏེ། སྤྱི་བོར
43a3 བཞག་པ་ནི་ཐིག་ལེ་མཆོག་པའི་ཕྱག་རྒྱའོ། ། དེ་ནས་རྩོམ་པ་མོའི་ཕྱག་རྒྱ་བཤད་པ། ལག་པ་སོ་སོར་སོར་མོ་གཅིག་ལ། གཅིག་བསྐོར་བའི་སྤྱོད་པས་སྙིང་ཁར་བཞག་པ་ནི་རྩོམ་པ་མོའི་ཕྱག་རྒྱའོ།། དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས
43a4 པར་བཤད་པ། ཨོཾ་ཤ་ཀཱ་ཡ་སྭཱ་ཧཱ། ཤར་དུ་བརྒྱ་བྱིན་ནོ། ཨོཾ་ཨག་ནེ་ཡེ་སྭཱ་ཧཱ། མེར་མེའི་ལྷའོ།། ཨོཾ་ཡ་མ་ཡ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་གཤིན་རྗེའོ།། ཨོཾ་རཀྵ་ས་ཨ་དྷི་བ་ཏ་ཡེ་ཛ་ཡ་ཛ་ཡ་སྭཱ་ཧཱ། བདེན་བྲལ་དུ་སྲིན་པོའི་བདག
43a5 པོའིའོ། ། ཨ་བ་རུ་ཎ་ནཱ་ག་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ནུབ་དུ་ཆུ་ལྷའོ།། ཨོཾ་བཱ་ཡ་བི་ཙ་ལ་ཙ་ལ་སྭཱ་ཧཱ། རླུང་དུ་རླུང་གི་ལྷའོའོ། ཨོཾ་ཀུ་བེ་ར་ཡ། ཡཀྵ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། བྱང་དུ་ལུས་ངན་པོའིའོ།། ཨོཾ་ཙན་ཏྲ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་ཟླ་བའོ།།
43a6 ཨོཾ་ཨི་ཤ་ཎ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་དབང་ལྡན་ཉིད་དོ།། དེ་ནས་གནོད་སྦྱིན་མོ་ཐམས་ཅད་ཀྱི་དབང་ཕྱུག་མ་སྡུག་གུ་མཛེས་མའི་ཕྱག་རྒྱ་བ་ཤད།། ཁུ་ཚུར་སོ་སོར་བཅངས་ཏེ་མཐེའུ་ཆུང་རབ་ཏུ་བརྐྱང་བའོ།། དེ་ནས་འབྱུང
43a7 མོའི་ཕྱག་རྒྱ་བཤད་པ་ཁུ་ཚུར་སོ་སོར་བཅངས་ཏེ། མཐེའུ་ཆུང་གཉིས་འཁྲུང་ནས་སྡིགས་འཛུབ་བྱས་ཏེ་འཛིན་པ་ནི་འབྱུང་པོའི་དབང་ཕྱུག་འབྱུང་མོ་ཐམས་ཅད་ཀྱི་རྒྱལ་མོའི་ཕྱག་རྒྱའོ།། དེ་ནས་འབྱུང་མོ་སྒོ་སྐྱོང་བརྒྱད་ཀྱི་ཕྱག་རྒྱ
43a8 བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་འཛུབ་མོ་གཉིས་འཁྱུང་པ་ནི་འབྱུང་མོ་བརྒྱད་ཀྱི་ཕྱག་རྒྱའོ།། དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ་ནི་ལག་པ་གཡས་པའི་ཐལ་མོ་མཉམ་པར་བྱས་ཏེ། མཐེ་བོས་མཐེའུ་ཆུང་གི།
iiif viewer powered by OpenSeadragon
42b - 43b