| | e-texts navigator
|
322a1 དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། ། སྨད་དུ་གྲགས་པ་ཆེ་བའི་ལྷ་ཡིས་མངོན་བསྟོད་པ།། བསམ་ཡས་དགེ་བསྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང་།
322a2 བཀྲ་ཤིས་དེས་ནི་སྐྱེ་བྱ་རྣ་མས་ལ་ནི་བྱེད་ཤོག། དགྱེས་ཤིང་ནམ་ཕྱེད་ཟོང་ཁྱེར་མཆོག་ནས་མངོན་བྱུང་སྟེ།། དཀའ་ཐུབ་ཚལ་དུ་མངན་པར་གཤེགས་ཤིང་ཚངས་ལ་སོགས།། ལྷ་ཡི་ཚོགས་ཀྱིས
322a3 ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། ། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང་།། བཻ་དཱུརྱ་ལྟར་སྔོ་བའི་རྩ་གཏིང་སྟེང
322a4 བཞུགས་ཏེ། ། དཀྱིལ་མོ་དཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། ཆུ་བོའི་འགྲམ་ན་ཙ་ཤའི་ཕྲེང་གིས་ཡོངས་སྒོ
322a5 བ། ། ཤིན་ཏུ་མད་དུ་བྱུང་བའི་སྲིད་པ་སེལ་མཛད་པ།། ཀླུའི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང་།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད། ཤོག།
322a6 ཤིང་རྒྱལ་དུང་གཤེག་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས།། མང་པོ་བཀྲལ་ཏེས་སྟེང་དང་ནི་ནམ་མཁའ་ལ།། བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ
322a7 ཚོགས་ཀར་བྱུང་བ། ། བཀྲ་ཤིས་དེས་ནི་སྐྱེ་དགུ་ནརྣམས་ལ་ནི་བྱེད་ཤོ།། སྡུག་བསྔལ་མཐའ་དག་ཞིག་བྷིར་རྡོ་རྗེའི་གདན་བཞུགས་ཏེ།། ནམ་གྱི་ཐོ་རངས་བདུད་བཞི་པོ་དཤནམ
322a8 བཏུལ་བ། ། སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། གྲོང་དཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་མཆོག་བཞུགས་ནས།
iiif viewer powered by OpenSeadragon
321b - 322b