e-texts navigator
Collection
Volume
Page
Wylie

321b1 ཤེས་ཀྱི་ཚིགས་སུ་བཅད་པ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རོ་བ་འདྲ།། འཇིག་ཏན་གསུམ་གྱི་མགོན་པ་དྲི་མ་གསུམ་སྤངས་པ།། སངས་རྒྱས
321b2 པད་མ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། ། བཀྲ་ཤིས་དེས་ནི་སྟེ་དགུནས་ཙོག།། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ།། འཇིག་རྟེན་གསུམ་ན་གྲགས་ཤིང་ལྔ་དང་བས་མཆོད
321b3 པ། ། ཆོས་ཀྱི་དམ་ལྕེ་སྐུ་རྣམས་ལ་ཞི་བྱེད་པ།། དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ།། དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག། མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི
321b4 གནས། ཚོགས་ཀྱི་མཆོག་རབ་ངོ་ཚེ་ཤེས་དང་དཔལ་གྱི་བཞི།། དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ།། སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་བོ།། དོན་རྣམས་ཐམས་ཅད་འགྲུབ་པར་བཏུལ་བ
321b5 ཡོངས་ལྡན་པ། ། ཚོགས་ཀྱི་ལམ་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ།། བཀྲ་ཤིས་དེས་ནི་སྐྱེ་དགུན་མ་ལ་ཞི་བྱེད་ཤོག། འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི།། གཞལ་མེད་ཁང་གི་སྟོང
321b6 ནས་ནི་འདི་གཤེགས་ཏེ། ། དབང་བཅས་ལྷ་ཡིས་བསྒྱུར་བའི་བཀྲ་ཤིས་གང་བྱུང་བ།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམ་པའི་ཚལ
321b7 ལྔ་མང་དག་གིས་བསྟེན་པར་མགོན་པོ་བལྟམ་པ་ན། ། སྲིད་པའི་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ།། བཀྲ་ཤིས་དེས་ནི་སྐྱེ་དག་རྣམས་པ་ནི་བྱེད་ཤོག། གྲོང་ཁྱེར་སེར་སྐྱེའི་གནས་ནས་རྒྱལ་པོ
321b8 ལོ་བྲང་དུ། ། ལྷུང་ནས་བལྟམ་པ་སྟོན་པ་བདེ་གཤེགས་ཟས་བཙང་སྲས།། མུར་བ་སྐྲུན་བདུད་རྩིའི་ཆུས་གཏོར་བ་ཡི་བཀྲ་ཤེས་དང་།། བཀྲ་ཤིས་དེས་ནི་སྐྱེ་དགུན་མལ་ཞོ་བྱེད་ཤོག། གྲོང་ཁྱེར




iiif viewer powered by OpenSeadragon

321a - 322a

Texts on this page

Q448 - rigs gsum gyi bkra shis
Q449 - bkra shis kyi tshigs su bcad pa