e-texts navigator
Collection
Volume
Page
Wylie

320b1 ང། དག། མ་ཞ་ད་པ་མ
320b2 ཡིན་པ། ། བཀྲ་ཤིས་དེས་ནི་སྐྱེ་དགྲ་རྣམས་ལ་ཞི་བྱེད་ཤིག། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིག་སུ་བཅད་པ། རྫོགས་སྷོ།།
320b3 དཀོན་མཆོག་གསུས་ལ་ཕྱག་འཚལ་ལོ།། རིགས་གསུམ་གྱི་བཀྲ་ཤིས། བཅོམ་ལྡན་གསེར་མདོག་རིའི་རྒྱལ་པོ་འདྲ།། འཇིག་རྟེན་གསུམ་མགོན་འངམ་དཔལ་བཞོན་ནུའི་སྐུ།། བདེག་ཤེས
320b4 སྐུ་ཡི་བཀྲ་ཤིས་གང་ཡོད་པ། ། བཀྲ་ཤིས་དེས་ནི་དིང་འདིར་བདེ་ལེགས་ཤོག། བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ།། འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་དབང་།། བདེ་གཤེགས
320b5 གསུང་གི་བཀྲ་ཤིས་གང་ཡིན་པ། ། བཀྲ་ཤིས་དེས་ནི་དིང་འདིར་བདེ་ལེགས་ཤོག། བཅོམ་ལྡན་ལྗང་སེར་རི་ཡི་རྒྱལ་པོ་འདྲ།། འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེ་སྟེ།། བདེ་གཤེགས་ཐུགས་ཀྱི
320b6 བཀྲ་ཤིས་གང་ཡིན་པ། ། བཀྲ་ཤིས་དེས་ཀྱང་དིང་འདིར་བདེ་ལེགས་ཤོག། དཔལ་རིགས་གསུམ་གྱི་བཀྲ་ཤིས།། རྫོགས་སྷོ།། ། རྒྱ་གར་སྐད་དུ། ར་ཏ་ན་ཏྲ
320b7 མཾ་ག་ལ་གཱཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགསུ་བཅད་པ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། རྒྱ་མཚོ་ལྟ་བུར་རྒལ་དཀའ་འཁོར་བའི་འདམ་ལས་རྒལ། བསོད
320b8 ནམས་ཡེ་ཤེས་ཚོགས་གཉིས་བསག་དཀའ་མ་ལུས་རྫོགས། ། འགྲོ་བ་ཀུན་གྱི་གཉེན་གཅིག་གྱུར་པ་དེ་བཞིན་གཤེགས།། བཀྲ་ཤིས་དམ་པ་དེས་ཀྱང་དིང་འདིར་བདེ་ལེགས་ཤོག། རང་དོན་སྤངས




iiif viewer powered by OpenSeadragon

320a - 321a

Texts on this page

Q445 - de bzhin gshegs pa lnga'i bkra shis tshigs su bcad pa
Q446 - dpal rigs gsum gyi bkra shis
Q447 - dkon mchog gsum gyi bkra shis kyi tshigs su bcad pa