e-texts navigator
Collection
Volume
Page
Wylie

313b1 མྱ་ངན་འཚང་ལ་གནས། ། རྒྱལ་བ་གཙུག་ཏོར་པད་མ་དཀར་པོའི་དྲུང་།། ཐམས་ཅད་སྐྱོབ་པས་ལའི་དྲུང་ན་གནས།། བྲམ་ཟེ་འཁོར་བ་འཇིག་ནེ་ཤིང་ཤའི་དྲུང་།། སངས་རྒྱས་གས་ཟུལ་ཨུ་དུམ་པ་རིའི་དྲུང་།། འོད་སྲུང་ནྱ་གྲོ་དྷའི་དྲུང་ན་གནས།། ཤཱཀྱ་ཐུབ་མཆོག
313b2 ཁྱད་པར་གནས་དྲུང་དུ། ཕྱིན་ནས་བྱང་ཆུབཟོ་བགྱུར་གོ་ཏམ། སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ།། མངོན་པར་ད་པའི་ལྷ་གད་འཟོད་པ་དག། ལྷ་རྣམས་དེ་དག་ཡིད་དགའ་མགུར་གྱུར་ནས། ག་ཏུ་དག་ཞིང་ཤིབ་འགྱུར་བ་བྱོས། ངས་རྒྱས་རྣམ་རྒྱ
313b3 འཆའོ། ། དང་གཉིས་བྱེད་རྣམས་བདེ་ལེགས་ཤོག། གང་བཞི་ཁྱེད་ཅག་བདེ་ལེགས་གོ།། ལམ་དུ་ཞུགས་ནམས་པ་དེ་ལེགས་ཤོག། ཕྱིར་འོད་དག་ཀྱང་བདེ་ལེགས་ཤོག། མཚན་མོ་བདེ་ལེགས་ཉིན་པ་དེ་ལགས། ཉི་མའི་བུང་ལ་བདེ་ལེགས་ཤིང་། ཁྱེད་པགཀུན་དུ་བདེ
313b4 ལེགས་ཤོག། དེ་དག་སྡིག་པར་མ་གྱུར་ཅིག། ཉི་མ་ཐམས་ཅད་དགེ་བ་ཡིན།། རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན།། སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ།། དགྲ་བཅོམ་ཐམས་ཅད་ཟག་པ་མེད།། བདེན་པའི་ཚིག་གིས་ཀུན་དུ་བདེ་ལེགས་སུ་གྱུར་ཅིག། ངི།
313b5 སྔགས་ཀྱི་རྒྱལ་མོ་མ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ཚིག་རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཟས་གོམས་བཟང་པོ་རོ་ཞེམ་ཞིང་མདོག་དྲུག་ལ་དྲི་བསུང་དང་ལྡན་ཞིང་དང་ལྡང་བ།། ཡོན་ཏན་ཟ
313b6 སུམ་ཚོགས་པས་བརྒྱན་པ། ། དཔག་བསམ་གྱི་ཤིང་ལྗོན་པའི་ནགས་ཚལ་དཀོན་ཞིང་དྲི་མ་མེད་ལ། རྒྱན་གྱིས་གྲུབས་པ། ཡལ་གའི་ཐོར་ཏོའི་ལྗིད་ཀྱིས་གསུར་ཐལ་མགོ་ལྕོགས་མ་ཏོག་ཁ་ཕྱེ་ཞིང་འདབ་མས་ལེགས་པར་བརྒྱ་ནཏེ། བུད་པ
313b7 ལང་ལོང་ཁྲུས་ལྡིང་ཞིང་འཕུངས་པ་རྣམས་ཀྱིས་བཞི་པ་ཅིང་ནོན་པའི་ཤུགས་ཀྱིས་བག་ཙམ་འདིར་ལྡེམ་ལྡེམ་ལ། ། རིན་ཆེན་ཡལ་ག་དང་མ་རྒང་སྡུག་འཕྲན་གྱི་བླ་རེ་འཇོལ་བ་དག་མངོན་པར་སྒྲུབ་པར་བྱེད་པ། འགྲོ་བ་དག་ཏུ་མཚོར་བར
313b8 འགྲོ་བའི་གཡང་ས་ཆེན་པོ་ཡང་བ་དག་ཏུ་མར་མེ་སྣང་གསལ་དག་ཅིང་དྲི་མ་མེད་པ་ལྟ་བུ་བྱིན་པ་གང་ལས་བསོད་ནམས་དང་། བསོད་ནམས་ཀྱི་རྒྱུ་འཐུན་པ་དང་། དགེ་བ་དང་དགེ་བའི་རྒྱུ་དང་འཐུན་པ་བདེ་དགུའི




iiif viewer powered by OpenSeadragon

313a - 314a

Texts on this page

Q438 - sbyin pa'i rabs las 'byung ba'i smon lam
Q437 - rig sngags kyi rgyal mo rma bya chen mo las gsungs ba'i smon lam dang bden tshig