e-texts navigator
Collection
Volume
Page
Wylie

310b1 ཆེན་ཐོབ་ལ་ཕྱག་འཚལ། ། བཙུན་པ་སྤྱན་ངས་གཟིགས་དབང་ཕྱུཿ། ཐུགས་རྗེ་ཆེན་པོ་དང་ལྡན་པ་དགོང་སུ་གསོལ།། རཕགས་པ་ཟུགས་རྗེའི་དབང་ཕྱུག་གིས་རྗེ་སུ་དྲན་པ་དང་། མཚན་ནས་བརྗོད་པས་བདག་དང་སེམས
310b2 ཅན་ཐམས་ཅད་ཀྱི་སྡུག་བསྔལ་མི་བཟོད་པ་ཐམས་ཅད་ཞི་ཞིང་རྒྱུན་ཆད་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལོ།། འཕགས་པ་ཐུགས་རྗེའི་དབང་ཕྱུག
310b3 བདག་གིས་རྗེསུ་དྲན་པ་དང་། མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་དང་། གནོད་པ་དང་། ཕྱིར་རྒོལ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང
310b4 བྲུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལོ། ། འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེ་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལམ་དང་ཉོན་མོངས་པ་ཐམ
310b5 ཅད་དང་། མི་དགེ་བའི་ཆོས་དང་། བདུད་ཀྱི་ལས་སྐྱེས་པ་ཐམསས་ཅད་བྱང་ཞིང་གྲོལ་བར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལོ།། འཕགས་པ་ཐུགས
310b6 རྗེའི་དབང་ཕྱུག་བདག་གིས་རྗེ་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་རྟག་ཏུ་མཐོང་ཞིང་སྨོན་ལམ་ཇི་སྐད་བསྟན་པ་ཐམས
310b7 ཅད་ཀྱང་མྱུར་དུ་ཐོབ་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟི་ཤས་དབང་ཕྱུག་ཟུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལོ།། འཕགས་པ་སྤྱན་རས་གཟིགས་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེ་སུ་དྲན་པ
310b8 དཔ་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་འཕགས་པ་གང་དག་ཞལ་མངོན་སུམ་དུ་ལྟ་ཞིང་དམ་པ་མཆོག་གསོལ་བ་ཐམས་ཅད་ཀྱང་དེ་བཞིན་དུ་གྲུབ་པར་གྱུར་ཅིག། བཙུན་པ་སྤྱན་རས




iiif viewer powered by OpenSeadragon

310a - 311a

Texts on this page

Q435 - 'phags pa spyan ras gzigs dbang phyug yid bzhin gyi nor bu'i rtog ba las smon lam 'byung ba