e-texts navigator
Collection
Volume
Page
Wylie

30b1 ཆེན་རང་གི་ལག་གིས་དབུལ་བར་བྱའོ། ། ཟློས་པ་ན་ཁ་ཤར་དུ་ཕྱོགས་ཏེ་བྲིས་སྐུ་བྲིས་པའི་སྔོན་དུ་བཟླས་པར་བྱའོ།། བྲིས་སྐུའི་ཚད་ཆེན་པོ་ཁྲུ་བཅུ་པའི་རས་ལའོ།། དེའི་བྱེད་དང་ཕྱེད་ལ་འབྲིང་དང་ཐ་མར་འགྱུར་རོ།། སྐབས་འདིར།
30b2 རིག་པ་འཛིན་པས་སྔར་བཤད་པ་རྣམས་བྱའོ།། གལ་ཏེ་བརྒྱལ་རྫས་སམགོས་སམ་རྒྱན་སྟེར་ན་བཟུང་བར་མི་བྱ། འབྲས་བུནམ་ལྡན་ཡང་གསང་སྔགས་འགྲུབ་པར་མི་འགྱུར་རོ།། ཆུཆུང་ངུས་བཀྲུ་བར་མེ་བྱ་ཞིང་གང་པས
30b3 མེ་ལ་རེག་པར་མི་བྱ་ལ་སེན་མོས་ས་ལི་རིམ་བྲི་བར་མི་བྱ་ཞིང་ལྷའི་ཁང་པའི་གྲིབ་མ་ལ་འགོམ་པར་མི་བྱ་སྟེ་འདི་ལྟ་བུའི་ཡོན་ཏན་དང་ལྡན་ཞིང་དེ་དག་དོང་བའི་སྔགས་པས་མྱུར་དུ་རིག་སྔགས་འགྲུབ་པར་འགྱུར་རོ། ། འཕགས་པ
30b4 རྡོ་རྗེས་འོག་གི་རྒྱུད་ལས་རིག་སྔགས་ཀྱིས་འདུལ་བ་ཞེས་བྱ་བ་རྡོ་རྗེ་ཁྲོ་བོས་ཡོངས་སུ་ཞུས་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ། ། །། དེ་རུ་འབད་པས་འཇུག་པ་ན།། ཁང་བཟངས་དམ་པ་རྙེད་པ་ཡིས།། བསྟན་བཅོས་ལས་ནི
30b5 ངེས་བཞིན་པའི། ། ཕྱོགས་ཀྱི་ཆ་ནི་རབ་བཤད་བྱ།། ཤར་ན་ནྱ་གྲོ་དྷ་ཡི་ཤིང་།། དབང་ལྡན་དུ་ནི་པ་ལ་ཀྵ། ལྷོ་རུ་ཡང་ནི་ཨ་ཤྲད་ཐ།། ནུབ་ཏུ་དེ་བཞིན་པ་ལ་ཀྵ།། བྱང་དུ་ལྗོན་ཤིང་མ་དུག། གནས་རྣམས་སུ་ནི་གདོན་མི་ཟ།། གང་དག
30b6 ཏུ་ནི་ཤིང་མེད་ན། ། དེ་ལ་ཡང་ནི་མཚན་བཟང་པོ།། ཤར་ན་གཞན་པའི་ལུས་གཅིག་སྟེ།། ལྷོ་རུ་ཡང་ནི་བཞི་རུ་འགྱུར།། ནུབ་ཏུ་གསུམ་དུ་བསྟན་པ་སྟེ།། བྱང་དུ་གཉིས་སུ་བསྒྲགས་པའོ།། མཛེས་པའི་བུ་མོ་རྟག་ཏུ་གནས།། གྲུབ་པའི
30b7 རྫས་དང་དངུལ་ཆུ་ནི། ། ལྷ་ཡི་བྱང་ན་རྟག་ཏུ་ཡང་།། དངུལ་ཆུ་རུ་ནི་ཤེས་པར་བྱ།། དབང་ལྡན་དུ་ཡང་དངུལ་ཆུ་སྟེ།། དབང་པོར་རྫས་ནི་དེ་བཞིན་ནོ།། ཆུ་ལྷར་རྟག་ཏུ་རྫས་བཟང་པོ།། གྲུབ་པའི་རྫས་ནི་བླན་མེད།། བདན་བྲལ་དུ་ནི་རལ
30b8 གྲིར་འགྱུར། ། གཤིན་རྗེས་དེ་བཞིན་མིག་སྨན་ཉིད།། རླུང་གི་ཕྱོགས་སུ་རྟག་གནས་པ།། ཡིད་བཞིན་ནོར་བུ་ཞེས་བྱའོ།། ལྷ་ཉིད་ཀྱི་ནི་མདུན་དུ་ཡང་།། འབབ་སྟེགས་ཅན་གྱི་རྫིང་བུར་བསྟན།། ཁང་བཟངས་ཀྱི་ནི་ནང་ན་ཡང་། གྲུབ་པའི




iiif viewer powered by OpenSeadragon

30a - 31a

Texts on this page

Q403 - 'phags pa rdo rje sa 'og gi rgyud kyi rgyal po zhes bya ba