e-texts navigator
Collection
Volume
Page
Wylie

309b1 བགྱིའོ། ། ཇི་ལྟར་འདས་པ་དང་། མ་འདས་པ་དང་། དཀར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་གཉིསུ་མེད་པའི་ཆོས་ཉིད་མེངོན་དུ་མཛད་ནས་ཡོངས་བསྔོས་པ་དང་། ཡོངསུ
309b2 བེ་ཐོ་བ་དང་། ཡོངསུ་བསྔོ་བར་འགྱུར་བ་དེ་ལྟར་བདག་གིས་ཀྱང་ཡོངསུ་བཐོ་བར་བགྱིའོ།། ཇི་ལྟར་ཆོས་ཉིད་དེ་དང་། ཇི་སྐར་དེ་བཞིན་ཉིད་དེ་དང་། ཇི་སླར་ཡང་དག་པའི་མཐའ་དེ་དང་།། ཇི་ལྟར་ཆོས་ཀྱི་དབྱིངས་དེ་དང་།
309b3 ཇི་ལྟར་སྟོང་པ་ཉིད་དེ་དང་།། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ནས་ཇི་ལྟར་དེ་ཁོ་ན་ཉིད་མཐོང་བའི་བར་གང་ལ་གཉིས་གཉིས་མེད་ཅིང་གཉིས་མ་ཡིན་པ་མེད་པ་དེ་ལྟར་ཡོངས་སུ་སྔོ་བར་བགྱིའོ།། སངས་རྒྱས
309b4 དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཏད་ཡ་ཐཱ། བུད་དྷེ་བུད་དྷེ། སརྦ་བུད་དྷེ་བི་ཤ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ།། འཕགས་པ་ཡོང་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ་ཇི་སྙེད་པ་རྫོག་སྷོ།།
309b5 པ་ཎ་ཊི་ཏ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་ཡེ་ཤེས་སྙིང་པོ་དང་། དཔལ་བརྩེགས་ཀྱིས་བསྒྱུར་ཅིང་བུས་ཏེ་གཏན་ལ་ཕབ་པ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སེམས་ཅན
309b6 ཁམས་ནི་མཐའ་ཡས་པའི། ། སྡུག་བསྔལ་ཉེ་བར་ཞི་བ་དང་།། ངན་འགྲོ་རྣམས་ལས་བསྒྲལ་བ་དང་།། ཉོན་མོངས་རྣམས་ལས་སྒྲོལ་བའི་ཕྱིར།། སྲེད་པ་མི་བདེ་དོག་པ་ན།། སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ།། དེ་ལྟས
309b7 ཡོངསུ་སྒྲུབ་པའི་ཕྱིར། ། བདག་གིས་བྱང་ཆུབ་སེམས་སྐྱེད་དོ།། སེམས་ཅན་ཕོངས་པ་ཐམས་ཅད་ཀྱི།། སྐྱབ་སུ་བདག་ཉིད་རྟག་ཏུ་ཤོག། བདག་ནི་མགོན་མེད་རྣམས་ཀྱི་མགོན།། རྟེན་མེད་རྣམས་ཀྱི་རྟེན་དུ
309b8 བདག། སྐབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་།། སྡུག་བསྔལ་བདེ་བར་བྱེད་པ་དང་།། བདག་ནི་སེམས་ཅན་ཐམས་ཅད་ཀྱི།། ཉོན་མོངས་ཞི་བར་བྱེད་པར་ཤོག། དགེ་བའི་ལས་རྣམས་གང་དང་གང།། འདི་དང་གཞན




iiif viewer powered by OpenSeadragon

309a - 310a

Texts on this page

Q433 - 'phags pa yongs su bsngo ba'i rgyal po chen po sngags dang bcas pa
Q434 - pal legs par grub par byed pa'i rgyud chen po las byung ba'i smon lam