e-texts navigator
Collection
Volume
Page
Wylie

309a1 སྨིན་པར་བགྱིད་པར་གྱུར་ཅིག། ཡོངསུ་སྨིན་པར་བགྱིས་ནས་སེམས་ཅན་ལ་སྨན་པའི་སླད་དུ་སེམས་ཅན་གྱི་ཁམས་དང་། ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ན་མཁའི་ཁམས་ཅི་ཙམ་པ་དེ་ཙམ་བུ
309a2 གནས་པར་གྱུར་ཅིག། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཏད་ཡ་གྲཱ། མ་ནྱེ། སརྦ་མ་ནྱེ་བྲ་ཧ་ནེ་སྭཱ་ཧཱ། དགེ་བའི་རྩ་བ་དེ་དག་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཡོངསུ་སྤྱོད་པ་དང་། དེ་བཞིན་དུ
309a3 སེམས་ཅན་ཡོངས་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་དང་། རབ་ཏུ་འབྱུང་བའི་དགེ་བའི་རྩ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་འགྲོ་དང་། བསྙེན་བཀུར་བགྱིས་པའི་དགེ་བའི་རྩ་བ་དང་། ཕ་མ་དང་། བླ་མ་དང་།
309a4 ཡོན་གནས་དང་། མཁན་པོ་དང་། སློབ་དཔོན་དང་། དམན་པ་དང་། བཀྲེན་པ་དང་། སྡུག་ཕོངས་པ་དེ་ལས་བསྒྲུབས་པའི་དགེ་བའི་རྩ་བ་དང་། དམ་པའི་ཆོས་རྣམ་པར་འབྱེད་པའི་དགེ་བའི་རྩ་བ་དང་། རྗེས་སུ་ཡིད་རང་བ་དང་། འཐོལ་བ་དང་།
309a5 བཤགས་པ་དང་ལྡན་པ་དང་། ཕྱག་འཚལ་པ་དང་མཆོད་པ་དང་ལྡན་པ་དང་། བྱིས་པ་ནས་གཟུང་ནས་ད་ལྟར་རམ། སྐྱེ་བ་ཐོག་མ་དང་། ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་སྐྱེ་བ་གཞན་དག་ཏུ་བསགས་པ་ནས་ཕུང་པོ
309a6 ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་མཐའི་བར་གང་ལགས་པ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོངས་དུ་བགྱིས་ནས་མཆོག་དང་གཙོ་བོ་དང་། གྱ་ནོམ་པ་དང་། རབ་དང་ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ནམ
309a7 མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། ནི། མམང་མི་གན་ལ་གོ་མི་འད་ན་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་།
309a8 ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ན་མཁའ་ལྟར་མཉམ་པ་དང་། ལུས་དང་། སེམས་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་། ལྡན་པའི་སྟོང་པ་ཉིད་ཀྱི་ཡོངསུ་བསྔོ་བས་ཡོང་སུ་བསྔོ་བར




iiif viewer powered by OpenSeadragon

308b - 309b

Texts on this page

Q433 - 'phags pa yongs su bsngo ba'i rgyal po chen po sngags dang bcas pa