| | e-texts navigator
|
308b1 བཀྱེ་བར་སྤྲོས། ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་ང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་ཉིད་མངོན་སུམ་དུ་མཛད་ཅིང་།
308b2 དེ་ལས་གཞན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་མངོན་སུམ་དུ་མཛད་ནས་བདེ་བར་བཞུགས་པ་ཚོགས་ཆུང་ངུས་བཞུགསུ་གསོལ།། དེ་བཞིན་གཤེགས་པ་ལྷུན་པོའི་རྩེ་མོའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།
308b3 ཏད་ཡ་ཐཱ། ཤི་ཁེ། ཤི་ཁེ་བན་བྷེ་སྭཱ་ཧཱ། དེའི་འོག་ཏུ་བདག་ཚོགས་ཤིན་ཏུ་བསགས། གནག་པ་ཡོང་སུ་རྫོགས། བསམ་པ་ཡོང་སུ་རྫོགས། སངས་རྒྱས་ཀྱི་བྱ་བ་ཡོངསུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས
308b4 པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག། མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བགྱི་བ་དེ་བཞིན་ཉིད་ཀྱི་འཁོར་ལོ་དང་། ཡང་དག་པའི་མཐའི་འཁོར
308b5 ལོ་དང་། ཇི་ལྟ་བ་བཞིན་གྱི་འཁོར་ལོ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་འཁོར་ལོ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་འཁོར་ལོ་དང་། ངེས་པར་འབྱུང་བའི་འཁོར་ལོ་དང་། ངེས་པར་འབྱེད་པའི
308b6 འཁོར་ལོ་དང་། ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་མི་དམིགས་པའི་འཁོར་ལོ་དང་། ན་མཁའི་ལྟ་བུའི་འཁོར་ལོ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་འཁོར་ལོ་དང་། བག་ཆགས་དང་མཚམས་སྦྱོར་བའི་ཉོན་མོངས་པའི
308b7 ཐམས་ཅད་སྤང་བའི་འཁོར་ལོ་དང་། ང་དང་། བདག་དང་། རྟག་པ་དང་། འཆང་བ་དང་། བདག་དང་། བདག་གིར་འཛིན་པ་ནས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས
308b8 སུ་མངོན་པར་ཞེན་པའི་བར་མི་དམིགས་པའི་འཁོར་ལོ་དང་། མདོར་ན་གང་ན་འཁོར་ལོ་དང་མེད་པ། བསྐོར་བ་མེད་པ་དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཅིག། རབ་ཏུ་སྐོར་ནས་སེམས་ཅན་རྣམས་ཡོངས་སུ
iiif viewer powered by OpenSeadragon
308a - 309a