| | e-texts navigator
|
29b1 ལྡན་པ་དང་། པ་མ་ལ་གུས་པ་དང་། ཐ་མ་ལ་སྲི་འུ་ཆེ་བ་དེས་ཐམས་ཅད་འགྲུབ་པར་འགྱུར་རོ།། རིག་པ་འཛིན་པས་སྔགས་སྒྲུབ་པ་སྔོན་བཞིན་སྒྲུབ་པ་དང་ལྡན་ན་ཚེའི་དུས་བྱས་ཀྱང་གང་འདོད་པ་སེམས་ཤང་གི་བས་དགེ་བ་ཙམ
29b2 ཀྱིས་དེ་དང་དེར་སྐྱེ་བར་འགྱུར་ཏེ། རེག་པ་འཛིན་པའི་འཁོར་ལོས་བསྐུར་བ་ཆེན་པོ་འམ། ཡང་ན་རིག་པ་འཛིན་པའི་རིགས་སམ། དབང་ཕྱུག་ཆེན་པོའི་རིགས་སམ་གདོལ་བའི་རིག་པ་འཛིན་པའི་རིགས་དེ་ལྟ་བུའི་རིམ་པ་གང
29b3 འདོད་པའི་བསམ་པས་སྔགས་བསྒྲུབས་པས་དེ་ལྟ་བུའི་རིགས་སུ་འགྲུབ་པར་འགྱུར་རོ། ། སྒྲུབ་པ་ཆེན་པོ་ལ་འབད་པའི་རིག་པ་འཛིན་པས། རྡོ་རྗེ་དང་། འཁོར་ལོ་དང་། རྩེ་གསུམ་དང་། དབྱུག་གུ་དང་། ཞགས་པ་དང་། མདུང་ཐུང་དང་།
29b4 དབྱུཀ་ཐོ་དང་། པད་མ་དང་། དུང་དང་། ལྕགས་ཀྱུ་དང་། སྤྱི་བླུགས་ལ་སོགས་པ་རྣམས་ལ་རྐང་པས་བརྫི་བར་མི་བྱའོ།། ས་ལ་བྲིས་པ་ལ་ཡང་དེ་བཞིན་དུ་བྱའོ།། འདི་ལྟར་རྡོ་རྗེ་འཆང་བའི་རྡོ་རྗེ་དང་།། ཁྱབ་འཇུག་གི་འཁོར་ལོ་དང་། ལྷ
29b5 ཆེན་པོའི་རྩེ་གསུམ་དང་། གཤིན་རྗེའི་དབྱུག་གུ་དང་། ཆུ་ལྷའི་ཞགས་པ་དང་། གཞོན་ནུའི་མདུང་ཐུང་དང་། སྟོབས་ལྷའི་དབུག་ཐོ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་པད་མ་དང་། རྡོ་རྗེ་ལྕགས་ཀྱུའི་ལྕགས་ཀྱུ་དང་། ཚངས་པའི
29b6 སྤྱི་བླུགས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གང་ཐོབ་པར་འདོད་པ་བདག་ཉིད་ཀྱིས་རྡོ་རྗེ་ལ་སོགས་པ་དེ་དང་དེ་དག་ཕྱག་རྒྱ་ཆེན་པོའི་རྐང་པས་བརྫི་བར་མི་བྱའོ།། གང་གི་ཚེ་རིག་པ་འཛིན་པའི་གསང་སྔགས་བསྒྲུབ་པ་ནི་རིག་པའི
29b7 ལྷ་དངོས་གྲུབ་མི་སྟེར་ན་དེས་ལས་འདིས་རིག་པ་མཉེས་པར་བྱ་སྟེ་དྲི་ཐམས་ཅད་ཀྱིས་རིག་པའི་ལྷའི་གཟུགས་བརྙན་བྱས་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་བཞག་སྟེ་ཞག་གསུམ་དུ་སྤྱང་བར་གནས་ལ
29b8 ནག་པོའི་བརྒྱད་པ་འམ་ནག་པོའི་བཅུ་བཞི་ལ་སྤྱན་དང་ལྷན་ཅིག་པའི་རིག་སྔགས་ཀྱིས་སྣ་མའི་མེ་ཏོག་སྟོང་ཕྲག་བརྒྱད་དེའི་གཟུགས་བརྙན་གྱི་སྙིང་ཁར་བརྡེག་པར་བྱ་ཞིང་། མར་ནག་དང་མར་བསྲེས་པས་སྟོང་ཕྲག་བརྒྱད
iiif viewer powered by OpenSeadragon
29a - 30a