e-texts navigator
Collection
Volume
Page
Wylie

288b1 ཡིང་དགེ་དང་། སྦྱི་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རབ་ལས་བྱུང་གང། དེ་དག་ཀུན་གྱིས་བདག་ཉིད་ནི།། ཚངས་པར་སྤོད་བ་ལྡན་པ་དང་།། འཇིག་རྟེན་མགོན་གྱི་བསྟན་པ་ལ།། རབ་འབྱུང་མངོན་དགའ་བ
288b2 ལྡན་ཞིང་། ། སངས་རྒྱས་ཀུན་གྱི་གསུང་རབས་ཀྱི།། གཞུང་དོན་ཚིག་ལ་མཁས་གྱུར་ནས།། དམ་ཆོས་ཡོངས་སུ་འཛིན་པ་དང་། ལུས་དང་སྲོག་ལ་དགའ་བེད་ཤིག། བདག་ནི་མགུབ་པའི་དུས་བགྱིད་པ།། བྱིན་ཅིམ་ལོག་ཡིད་ཀྱིས་སུ།།
288b3 སངས་རྒྱས་ཚེ་དཔག་མེད་མཐོང་ནས།། འདི་ནས་བདེ་བ་ཅན་དུ་མཆི།། བདུད་ཀྱི་སྤྱོད་ཡུལ་མངོན་གྱུར་ཏེ།། དྲང་སྲོང་ཆེན་པོ་ཆེ་དཔག་མེད།། རྟག་ཏུ་སྟེན་པ་མཛད་གྱུར་ཅིང་།། ས་བཅུ་ཐོབ་ནས་དེ་དག་གི། རྣམ་པར་དག་པའི་རིམ་པ་ཡས།།
288b4 བྱང་ཆུབ་དམ་པ་ཐོབ་པར་ཤོག། སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཐོབ་ནས།། བག་ཆགས་བཅས་པ་ཉེར་བསགས་རྩད་ནས་བཏོན།། ཡེ་ཤེས་སྒྲིབ་མེད་སྙིང་རྗེར་ལྡན་ནས་སུ།། འགྲོ་བ་རྣམས་ལ་སྨན་དང་བདེ་བ་བགྱི།། ཕྱོགས་བཅུ་མཐའ
288b5 ཡས་པ་ན་ཤེས་བྱའི་དོན་མ་ལུས་པར་ཁྱབ་པའི་བློ་མངའ་བ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་རྙེས་ལ་ཕྱག་འཚལ་ལོ།། སེམས་ཀྱི་རྙོག་པ་ཡིད་གཉིས་བསལ་ནས་དང་པོར་ནི།། ཤཱཀྱའི
288b6 རྒྱལ་པོ་ཐུབ་ལ་སྤྱི་བོས་ཕྱག་འཚལ་ལོ། ། བདེ་བ་ཅན་ན་བཞུགས་པའི་རྒྱལ་བ་འོད་དཔག་མེད།། བླ་མ་ལ་ཡང་དགའ་དང་གུས་པས་འདུད་པར་བགྱི།། གང་ཞིག་ཕྱོགས་ཀུན་དག་ནང་ལྟར་བྱུང་བ་ཡི།། འགྲོ་ལ་བྱམས་པའི་སངས་རྒྱས
288b7 ངེས་པར་བཞུགས་རྣམས་དང་། ། འདས་དང་ཕྱིས་འབྱུང་བའི་རྒྱལ་བ་ཐམས་ཅད་ལ།། བདག་ནི་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་པ་བགྱི།། འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་དང་། སྐུ་མཆོག་གིས
288b8 འོད་དང་། བདེན་པའི་དབྱངས་དང་། ལྷུན་པོ་བཟང་པོ་དང་། ལྡན་པ་ཆེན་པོ་དང་། དབང་པོའི་འབྱུང་གནས་དང་། པད་མའི་དབྱངས་དང་། ཕྱག་བཟང་དང་། འོད་ཀྱི་ཏོག་དང་། མཆོག་གི་འབྱུང་གནས་དང་། རིན་ཆེན་ཟླ་འོད་དང་། དཔའ




iiif viewer powered by OpenSeadragon

288a - 289a

Texts on this page

Q433 - 'phags pa yongs su bsngo ba'i rgyal po chen po sngags dang bcas pa