e-texts navigator
Collection
Volume
Page
Wylie

287b1 སྦྱིན་རྣམས་དང་། རིན་པོ་ཆེའི་གོས་ཀྱི་སྤྲིན་རྣམས་དང་། རིན་པོ་ཆེའི་ལྗོན་ཤིང་གི་སྤྲིན་རྣམས་དང་། རིན་པོ་ཆོས་བཀང་བའི་སྣོད་ཀྱི་སྤྲིན་རྣམས་དང་། རིན་པོ་ཆེ་ནོར་བུ་ཆེན་པོ་སྲུངས་པའི་སྤྲིན་རྣམས་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས
287b2 ཀྱི་སྲིན་རྣམས་དང་། མར་མེའི་སྣོད་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་ལ་དྲི་ཞིམ་པོའི་འབྲུམར་གྱིས་ཡོངས་སུ་བཀང་ཞིང་སྙིང་པོའི་རས་རི་རབ་བརྒྱའི་ཙམ་དུ་འབར་བ་རྣམས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། བྱང་ཆུབ
287b3 སེམས་དཔའ་ཐམས་ཅད་ལ་འབུལ་ལོ། ། དེ་དག་ཐམས་ཅད་ལ་གསོལ་བ་ནི་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ
287b4 བཞེད་པ་དེ་དག་རྣམས་ལ་སེམས་ཅན་རྣམས་ཀྱི་དོན་དུ་སྐལ་པ་མང་པོར་བཞུགས་པར་གསོལ་ལོ། ། ཅི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་མི་དམིགས་པར་བཞུགས་ཏེ་བསྔོས་པ་ལྟར་བདག་གི་བསོད་ནམས་ཐམས་ཅད་ཐ
287b5 ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་ངོ་།། སྡིག
287b6 པ་ཐམས་ཅད་ཀྱང་སོ་སོར་བཤེགས་སོ། ། ཨོཾ་སྥ་ར་སྨ་ར། བི་མཱ་ན་ཀ་ར་མ་ཧཱ་ཛ་བ་ཧུ་མ།། །། དེའི་འོག་ཏུ་ཅི་ལྟར་འདོད་པ་བཞིན་ལྷ་རྫས་ཀྱི་མཆོད་པ་ཆེན་པོའི་སྤྲིན་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་འབྱུང་བར་འགྱུར
287b7 རོ། ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་དམིགས་པ་ཡིད་ལ་བྱེད་པས་ཡོངས་སུ་བསྔོ་བ་ཆེན་པོའི་འཁོར་ལོ་འདི་ཉིན་པར་རམ། མཚན་མོ་འདོན་ན། དེའི་སྡིག་པ་རྣམས་ཡོངས་སུ་ཟད་པར་འགྱུར་ཞིང
287b8 ཉོན་མོངས་པ་ཐམས་ཅད་ཀྱང་བསྲབས་པར་འགྱུར་རོ། ། གོང་དུ་སྨོས་པའི་ཡོན་ཏན་རྣམས་ཀྱང་འཐོབ་པར་འགྱུར་རོ།། ལན་ཅིག་བཟླས་བརྗོད་བྱས་ན་ཚངས་པ་བརྒྱའི་བསོད་ནམས་འཐོབ་པར་འགྱུར་རོ།། རྨི་ལམ་ན་ཡང་རྟག་ཏུ་དེ་བཞིན




iiif viewer powered by OpenSeadragon

287a - 288a

Texts on this page

Q432 - 'phags pa dgongs pa'i rgyud gyi phreng ba chen po byang chub sems dpa'i rnam par nges pa chen po bstan pa las nor bu rin po che la mkhas pa bstan pa yongs su bsngo ba chen po'i rgyal po zhes bya ba