e-texts navigator
Collection
Volume
Page
Wylie

287a1 ཚོགས་ཀྱི་བྲག་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་བཞི་བརྟན་པ་རྣམས་དང་།། རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཐམས
287a2 སྐས་རྣམས་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཀ་བ་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པའི་ཚེར་རྣམས་དང་། ནོར་བུ་བཻ་ཌཱུརྱ་སྣ་ཚོགས་ཀྱི་སྒྲོན་མ་རྣམས་དང་། གང་དག་ལྷ་ཡུལ་གྱི་གཞལ་མེད་ཁང་བལྟན་སྡུ
287a3 པ་རྣམས་དང་། གང་དག་ལྷ་ཡུལ་གྱི་ལྷའི་གྲོང་ཁྱེར་གྱི་གཞལ་མེད་ཁང་ཡོངས་སུ་བཟུང་བ་མ་མཆིས་པ་རྣམས་དང་། གང་དག་ལྷ་ཡུལ་གྱི་མེ་ཏོག་བལྟ་ན་སྡུག་པ་རྣམས་དང་། གང་དག་ལྟ་ཡུལ་གྱི་གླུ་དབྱངས་ཀྱི་ཆ་སྤྱད་རྣམས་དང
287a4 གཞལ་མེད་ཁང་སྟོང་པ་རྣམས་ཀྱི་ཆར་རླུང་གིས་བསྐྱོད་པ་ན་ས་སྙན་པ་བྱིན་པ་རྣམས་དང་། རོལ་མོའི་ཆ་སྤྱད་ཀྱི་རྣམ་པམ་དཀྲོལ་བར་དང་སྒྲ་སྙན་པར་འབྱིན་པ་རྣམས་དང་། གང་དག་ལྷ་ཡུལ་གྱི་བྱའི་ཚོགས་གཞལ་མེད་ཁང་སྟོང
287a5 པ་རྣམས་ན་གནས་ཤིང་སྐད་སྙན་པ་འབྱིན་པ་རྣམས་དང་། གང་དག་རིན་པོ་ཆེའི་སྤྲིན་སྒྲ་དབྱངས་ཆེན་པོ་སྙན་པར་འབྱིན་པ་རྣམས་དང་། གང་དག་ལྷའི་ནོར་བུ་རྣམས་དང་། གང་དག་གླུང་དབྱངས་རྣམས་དང་། གང་དག་དྲི་གངའ་བའི་མ
287a6 གི་ལྗོན་ཤིང་རྣམས་དང་། ཕྱེད་པའི་ལྗོན་ཤིང་རྣམས་དང་། སྤོས་ཀྱི་ལྗོན་ཤིང་རྣམས་དང་། རྒྱལ་མཚན་གྱི་ལྗོན་ཤིང་རྣམས་དང་། བ་དན་གྱི་ལྗོན་ཤིང་རྣམས་དང་། རིན་པོ་ཆེའི་ལྗོན་ཤིང་ཡོངས་སུ་ལོངས་མ་སྤྱད་པ་དེ་དག་ཐམས་ཅད
287a7 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། ། གང་དག་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་མཆོད་པ་ཆེན་པོའི་སྤྲིན་མེ་ཏོག་གི་སྤྲིན་རྣམས་དང་། དྲིའི་སྤྲིན་རྣམས
287a8 དང་། ཕྲད་བའི་སྤྲིན་རྣམས་དང་། བདུག་པའི་སྤྲིན་རྣམས་དང་། ལྷ་བལྦུབ་ཀྱི་སྤྲིན་རྣམས་དང་། ཐུག་པའི་སྤྲིན་རྣམས་དང་། རིན་པོ་ཆེའི་གདུགས་ཀྱི་སྤྲིན་རྣམས་དང་། རིན་པོ་ཆེའི་རྒྱལ་མཚན་གྱི་སྤྲིན་རྣམས་དང་། རིན་པོ་ཆེའི་བདན་གྱི




iiif viewer powered by OpenSeadragon

286b - 287b

Texts on this page

Q432 - 'phags pa dgongs pa'i rgyud gyi phreng ba chen po byang chub sems dpa'i rnam par nges pa chen po bstan pa las nor bu rin po che la mkhas pa bstan pa yongs su bsngo ba chen po'i rgyal po zhes bya ba