e-texts navigator
Collection
Volume
Page
Wylie

27b1 ལ་དེ་བཞིན་གཤེགས་པ་ལ་མངོན་དུ་ཕྱོགས་ཏེ་རིག་པ་ཁོར་མོར་ཇི་སྲིད་གཉིད་མ་བྱུང་བ་དེ་སྲིད་བཟླ་བར་བྱའོ། ། དེ་ནས་དེར་ཀུ་ཤ་སྡོམ་པ་ལ་ཉལ་ཏེ་གཉིད་ཀྱི་མཚན་མོའི་ཐུན་ཚོད་ཕྱི་མ་ལ་ལྟེ་ཉིད་གྲུབ་པ་ཡང་བཀའ་སྩལ་བར་འགྱུར་རོ།།
27b2 གལ་ཏེ་མི་གསུང་ན་ཉི་མ་ཕྱི་མ་ལ་དེ་བཞིན་དུ་མཆོད་པའི་ཚོགས་བཅོམ་ལྡན་འདས་སྤྱན་དང་ལྷན་ཅིག་པ་མཆོད་དེ། སྣ་མའི་མེ་ཏོག་ལ་བརྒྱད་བརྒྱ་ཡོངས་སུ་བཟླས་ལ་ཕྱོགས་བཞིར་གཏོར་ཏེ། ཇི་སྲིད་གཉིད་མ་བྱུང་བ་དེ་སྲིད་ཀྱི
27b3 བར་དུ་བཟླ་བར་བྱའོ། ། ངེས་པར་གསུང་བར་འགྱུར་རོ།། དེ་ནས་ཐེ་ཙོམ་མེད་པར་སླར་ཡང་སྔར་བཤད་པའི་ཆོ་ག་བཞིན་དུ་གསང་སྔགས་ཆེན་པོ་འབུམ་ཕྲག་གསུམ་དང་སྟོང་ཕྲག་བརྒྱད་བཟླ་བར་བྱའོ།། དེ་ནས་སྦྱིན་བསྲེག་གི་ཆོ་ག་ནི
27b4 མངོན་སྤྱོད་ལ་སྟེགས་བུ་གྲུ་གསུམ་པ་བྱའོ། ། རྒྱས་པ་ལ་གྲུ་བཞིའོ།། ཞི་བ་ལ་ཟླུམ་པོའོ།། སྒྲུབ་པ་ཆེན་པོ་ལ་པད་མའི་རྣམ་པའོ།། དབང་དུ་བྱ་བ་ལ་ལྕགས་ཀྱུའི་རྣམ་པའོ།། རིག་པ་དང་ལྷན་ཅིག་ཏུ་དྲི་ཞིམ་པོའི་མེ་ཏོག་དང་ཡམ
27b5 ཤིང་བསྲེག་པར་བྱའོ། ། མངོན་སྤྱོད་ལ་དུར་ཁྲོད་ཀྱི་ཤིང་ལ་ཚ་བ་གསུམ་དང་སྐྱེ་ཚེ་དང་། ཡུངས་དཀར་དང་། ལན་ཚྭ་དང་། ཐལ་བ་དང་ཁྲག་ལ་སོགས་པ་ཡིས་ཁྲོ་བོ་ལ་བསྲེག་བླུགས་བྱའོ།། ཞི་བ་ལ་སྨན་གྱི་ལྗོན་པའི་ཡམ་ཤང་གིས་སོ།།
27b6 རྒྱས་པ་ལ་འོ་མ་ཅན་གྱི་ཡམ་ཤིང་གིས་སོ།། ཞི་བ་ལ་མེ་ཏོག་དང་དྲི་དཀར་པོས་སོ།། རྒྱས་པ་ལ་མེ་ཏོག་དང་དྲི་སེར་པོས་སོ།། མངོན་སྤྱོད་ལ་མེ་ཏོག་དང་དྲི་དམར་པོས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་ལྡན་པའི
27b7 སྔགས་ཀྱིས་ཐུན་གསུམ་དུ་ལས་བྱའོ། ། སྒྲུབ་པ་ཆེན་པོ་ལ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་ལྡན་པས་ལས་བྱའོ།། ཞི་བ་ལ་དཀྱིལ་དཀྲུངས་ཀྱིས་སོ།། རྒྱས་པ་ལ་ཙོག་པུས་སོ།། མངོན་སྤྱོད་ལ་ནང་པས་ནང་མདན་པས་སོ།།
27b8 ཟས་མི་ཟ་བར་བསྲེག་བླགས་བྱའོ།། སྒྲུབ་པ་ཆེན་པོ་དང་ཞི་བ་ལ་ཧཱུཾ་གི་ཡི་གེ་བཟླའོ།། མངོན་སྤྱོད་ལ་པཊ་ཀྱི་ཡི་གེའོ།། ཞི་བ་ལ་སྲོད་ཀྱི་ཐུན་ལའོ།། རྒྱས་པ་སྔ་དྲོའི་ཐུན་ལའོ།། མངོན་སྤྱོད་ཉི་མ་གུང་དམན་མ་གུང་གི་དུས་སུ་ཁ།




iiif viewer powered by OpenSeadragon

27a - 28a

Texts on this page

Q403 - 'phags pa rdo rje sa 'og gi rgyud kyi rgyal po zhes bya ba